རྒྱལ་མཚམས་བརྒལ་ནས་རྒྱ་ནག་དང་ལྟ་སྤྱོད་མི་མཐུན་མཁན་ཚོར་དྲག་གནོན་གྱི་སྙན་ཐོ།
བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། ཧོང་ཀོང་དམངས་གཙོའི་ལྷན་ཚོགས་ཟུང་སྦྲེལ་གྱི་ཐོག་ནས་སྔ་ལོ་ཕྱི་ཟླ་ ༡༡ ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨ་རིའི་སེན་ཕརེན་སིས་ཀོར་འབྱོར་པའི་སྐབས། བོད་དོན་ལས་འགུལ་བ་དང་། ཧོང་ཀོང་ལས་འགུལ་བ། ཡུ་གུར་ལས་འགུལ་བ། རྒྱ་རིགས་དམངས་གཙོ་དོན་གཉེར་བ་བཅས་ལ་དྲག་གནོན་བྱས་ཏེ་ལས་འགུལ་སྤེལ་མི་བཅུག་པར་འགོག་རྐྱེན་བཟོས་པའི་གནས་ཚུལ་བྱུང་ཡོད་པའི་ཐད་ཕྱི་ཟླ་ ༧ ཚེས་ ༣༠ ཉིན་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པ་རེད། གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་འཆི་མེད་ལྷ་མོ་ལགས་དང་ལྷན་སྙན་ཐོའི་ནང་དོན་དང་མ་འོངས་ཐབས་བྱུས་བཅས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་འགན་འཛིན་། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན་། ནོར་སྡེ་སྒྲོལ་མ།