ཧོང་ཀོང་གི་ཆབ་སྲིད་གནས་བབ་དང་ཐེ་ཝན་མི་མང་ནས་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ལ་ལྟ་ཚུལ་གང་འདྲ་ཡོད་མེད།


2019-01-18
Share
ཧོང་ཀོང་གི་ཆབ་སྲིད་གནས་བབ་དང་ཐེ་ཝན་མི་མང་ནས་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ལ་ལྟ་ཚུལ་གང་འདྲ་ཡོད་མེད། ༡༩༨༢་ལོར་རྒྱ་ནག་གི་དབུ་ཁྲིད་ཏེང་ཞོ་ཕེང་དང་དབྱིན་ཇིའི་སྲིད་བློན་ལྕམ་ཐ་ཆར་པེ་ཅིང་དུ།
ཨེ་ཨེཕ་པི།

༄༅། །ཐེངས་འདིའི་གངས་ལྗོངས་གླེང་སྟེངས་ཀྱི་ལེ་ཚན་ནང་དུ།  འདས་པའི་ལོ ༢༡ གི་རིང་། ཧོང་ཀོང་གི་ཆབ་སྲིད་གནས་བབ་ལ་འགྱུར་བ་ཅི་ཞིག་ཐེབས་ཡོད་པ་དང་། ཧོང་ཀོང་སྤྱི་ཚོགས་དང་མི་དམངས་ཀྱི་འཚོ་བར་འགྱུར་ལྡོག་ཅི་ཞིག་ཐེབས་ཡོད་པ། དེ་བཞིན་དབྱིན་རྒྱ་མཉམ་འབྲེལ་གསལ་བསྒྲགས་དང་། ཧོང་ཀོང་གཞི་རྩའི་བཅའ་ཁྲིམས་ཟེར་བའི་བྱེད་ནུས། ལྷག་པར་དུ་འདས་ཟིན་པའི་ཧོང་ཀོང་གི་ཉམས་མྱོང་ལས་ང་ཚོ་བོད་ལ་བསླབ་བྱ་ལེན་རྒྱུ་ཅི་ཞིག་ཡོད་པ། ཐེ་ཝན་སྤྱི་ཚོགས་དང་མི་དམངས་ཀྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་ལམ་ལུགས་དེར་ལྟ་ཚུལ་ཅི་ཞིག་བཟུང་ཡོད་པ་ལ་སོགས་པའི་ཐད།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་རྒྱ་ཡིག་སྡེ་ཚན་གྱི་རྩོམ་སྒྲིག་པ་ཟུར་པ་སངས་རྒྱས་སྐྱབས་ལགས་དང་། ཁྲིམས་གླེང་དྲྭ་རྒྱའི་རྩོམ་སྒྲིག་པ་དང་རྒྱ་ནག་གི་ཁྲིམས་ལུགས་ཉམས་ཞིབ་པ་སྒྲོལ་མ་སྐྱབས་ལགས་གཉིས་དང་ལྷན་དུ་སྟག་ལྷ་རྒྱལ་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ༎
གསར་འགོད་པ་སྟག་ལྷ་རྒྱལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།