ཧིན་དུ་དང་ནང་པའི་ཚོགས་ཆེན་ཐེངས་༣པ།


2019-09-07
Share
ཧིན་དྷུ་དང་ནང་པའི་ཚོགས་ཆེན་ཐེངས་༣པ། ༧གོང་ས་མཆོག་གིས་བརྙན་འཕྲིན་བརྒྱུད་གསུང་འཕྲིན་བསྩལ་གནང་བ།
དགའ་ལྡན་དགོན་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཧིན་དྷུ་དང་ནང་པའི་ཚོགས་ཆེན་ཐེངས་ ༣ པའི་ཐོག་གསུང་འཕྲིན་བསྩལ་བའི་ནང་།  ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་དགོས་པ་དང་མཉམ་དུ།  གོ་ལའི་སྣོད་བཅུད་ལ་མིས་བྱེད་སྒོས་རྐྱེན་གྱིས་སྐྱོན་གནོད་ཆེན་པོ་ཡོང་གི་ཡོད་པས། ཁོར་ཡུག་སྲུང་སྐྱོབས་ཐོག་ལ་ཤུགས་རྒྱག་དགོས་པའི་བཀའ་སློབ་གནང་འདུག དེ་ཡང་སོག་ཡུལ་རྒྱལ་ས་ཨུ་ལཎ་སྦ་དྷར་གྱི་དགའ་ལྡན་དགོན་པར་ཕྱི་ཟླ་ ༩ ཚེས་ ༦ ནས་ ༨ བར་ཉིན་གྲངས་གསུམ་རིང་ཚོགས་བཞིན་ཡོད་པ་ལྟར། ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་བརྒྱུད་གསུང་འཕྲིན་བསྩལ་གནང་བའི་ནང་། བྱམས་བརྩེ་རང་བཞིན་ལྡན་པའི་མིའི་སྤྱི་ཚོགས་ནང་། བཟང་སྤྱོད་ཀྱི་བསླབ་བྱ་རྣམས་སློབ་གྲྭ་ཁག་གི་ཤེས་ཡོན་བསླབ་གཞིའི་ཐོག་ནས་སློབ་གསོ་སྤེལ་དགོས་ཤིང་།འཛམ་གླིང་ནང་དུ་ཆོས་ལུགས་ཆེ་ཁག་ཚང་མས་བྱམས་བརྩེ་དང་བཟང་པོའི་ཡོན་ཏན་གོང་སྤེལ་གྱི་བསླབ་བྱ་གཅིག་འགྱུར་བསྐྱོན་གྱི་ཡོད་པས། ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་བྱ་རྒྱུ་ཤིན་ཏུ་གལ་ཆེ་ཡིན་པ་བཀའ་གནང་ཡོད་པ་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་། འཛམ་གླིང་གི་སྣོད་བཅུད་གནམ་གཤིས་འགྱུར་ལྡོག་དང་མཉམ་དུ་མིས་ཉིན་རེའི་ལས་དོན་མང་པོ་ཞིག་གིས་གནོད་སྐྱོན་མང་པོ་ཡོང་གི་ཡོད་པས། འདི་དག་ཐོག་ལ་ཚང་མས་དགོངས་པ་ཆེ་ཙམ་བཞེས་རྒྱུ་གལ་ཆེ་ཡིན་པའི་བཀའ་སློབ་གནང་འདུག།

tashi-wangchuk-75གསར་འགོད་པ་བཀྲ་ཤིས་དབང་ཕྱུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།