ཨི་ཊ་ལི་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ལས་འཆར་ནས་ཕྱིར་ཐོན་བྱེད་ཀྱི་རེད་དམ།

2023.08.15
ཨི་ཊ་ལི་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ལས་འཆར་ནས་ཕྱིར་ཐོན་བྱེད་ཀྱི་རེད་དམ།
པར་ཚགས

ཨི་ཊ་ལི་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ལས་འཆར་ནས་ཕྱིར་ཐོན་བྱེད་ཀྱི་རེད་དམ།
རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ལས་འཆར་ནང་ཕྱི་ལོ་ ༢༠༡༩ ལོར་ཨི་ཊ་ལིས་འཛུལ་ཞུགས་བྱས་ཡོད་པ་རེད།  འདི་ནི་ཐག་གཅོད་ཧ་ཅང་སྐྱོ་པོ་ཞིག་རེད་ཅེས་ཨི་ཊ་ལིའི་རྒྱལ་སྲུང་བློན་ཆེན་ Guido Crosetto ལགས་ཀྱིས་གསུངས་ཡོད་ཅིང་།  ཨི་ཊ་ལིའི་སྲིད་བློན་ Giorgia Meloni མཆོག་གིས་འདི་ཐད་ཕྱི་ཟླ་ ༡༢ བར་ཐག་གཅོད་གཅིག་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཆབ་སྲིད་ཀྱི་འཕོ་འགྱུར་འདིའི་ཐད་ཨི་ཊ་ལི་ མི་ལ་ནོ་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཟུར་པ་ཆོས་གྲུབ་ཚེ་རིང་ལགས་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱི་དབར་གླེང་མོལ་ཞུས་པ་འདི་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་སྤྱིའི་ཆ་ནས་ཧ་ཅང་ཡག་པོ་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས་བྱུང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎