0:00 / 0:00
༄༅༎བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱེད་པའི་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་གསུམ་པ་དེ།ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་རྩ་བདུན་གྱི་ཉིན་དབུ་བཙུགས་གནང་ཡོད་པའི་སྐོར།འདི་གའི་གསར་འགོད་པ་བློ་བེ་ལགས་ཀྱིས་བཞུགས་སྒར་ནས་བཏང་འབྱོར་བྱུང་བའི་གསན་ཚུལ་ཞིག་ལ་གསན་རོགས༎
