0:00 / 0:00
༄༅༎ཕྱི་ལོ་ཉིས་སྟོང་བཅུ་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུའི་ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ནང་ཉིན་གསུམ་རིང་གྱི་ཚན་རིག་དང་། ནང་དོན་རིག་པའི་རྒྱལ་སྤྱིའི་ཚོགས་ཆེན་དབུ་འབྱེད་བཀའ་དྲིན་བསྐྱངས་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བློ་བེ་ལགས་་ཀྱིས་ས་གནས་ས་ཐོག་ནས་བཏང་འབྱོར་འབྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎
