༡༩༨༩ལོར་འདས་གྲོངས་སུ་གྱུར་བ་རྣམས་ལ་མཆོད་འབུལ།
2013.03.08
༄༅༎ཕྱི་ལོ་ ༡༩༨༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་སེར་སྐྱ་མི་དམངས་སྟོང་ཕྲག་བརྒལ་བས། རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་སྐབས། རྒྱ་ནག་དམར་པོའི་གཞུང་གིས་བོད་མི་དེ་དག་གི་ཐོག་མི་ཆོས་ལས་འདས་པའི་དྲག་གནོན་བྱས་ཏེ་འདས་གྲོངས་སུ་གྱུར་བའི་བོད་མི་རྣམས་དང་། ད་ལྟ་བཙོན་ཁང་དུ་སྡུག་སྦྱོང་མྱངས་དང་མྱོང་བཞིན་པའི་བོད་མི་རྣམས་ཀྱི་ཆེད་དུ། ཟླ་འདིའི་ཕྱི་ཚེས་ ༨ ཉིན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་ཚོགས་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བློ་བེ་ཡིས་ས་གནས་ས་ཐོག་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་ཞུ༎