༧གོང་ས་མཆོག་ལ་དྭགས་སུ་ཞབས་སོར་འཁོད་འདུག
2012.07.19

བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་
རྒྱ་གར་གྱི་སི་རི་ན་གར་(Srinagar)ཁུལ་གྱི་མཛད་འཆར་གྲུབ་ནས་ཁ་ས་ཕྱི་ཚེས་ ༡༨ ཉིན་ལ་དྭགས་ཀྱི་རྒྱལ་ས་སླེ་ཁུལ་དུ་ཞབས་སོར་བདེ་བར་འཁོད་འདུག སྐབས་དེར་ས་གནས་ཡུལ་མི་དང་བོད་མི་རྣམས་ནས་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་ཡོད་པ་རེད། ༧གོང་ས་མཆོག་ཁུལ་དེར་ཞབས་སོར་འཁོད་པ་དང་བསྟུན། བོད་ནང་ད་ལྟ་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུར་དཀའ་ངལ་འཕྲད་བཞིན་པའི་སྐབས་འདིར་ལ་དྭགས་ཀྱི་མཚོན་པའི་ཧི་མ་ལ་ཡའི་མི་རིགས་རྣམས་ནས་རང་གི་ཕ་མེས་ནས་བརྒྱུད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པའི་ལམ་སྟོན་གནང་འདུག ཞིབ་ཕྲ་ལ་དྭགས་ཁུལ་དུ་ཆེད་བཅར་ཞུས་པའི་ང་ཚོའི་གསར་འགོད་པ་བློ་བྷེ་ལགས་ཀྱིས་གནས་ཚུལ་བཏང་བར་གསན་རོགས།