འབའ་རྫོང་དུ་ཞི་བའི་གོམ་བགྲོད།
2012.11.12
Photo: RFA
༄༅༎ཕྱི་ཟླ་ ༡༡ཚེས་ ༡༡ ཉིན་བོད་མདོ་སྨད་མཚོ་ལྷོ་ཁུལ་འབའ་རྫོང་གི་དཀར་མོ་དགོན་པའི་དགེ་འདུན་པ་དང་ས་གནས་མང་ཚོགས་ཁག་ཅིག་གིས།ལག་ཏུ་ངོ་རྒོལ་འབོད་ཚིག་གི་འཕྲེད་དར་འཕྱར་བཞིན།བོད་ལ་རང་དབང་དགོས་པའི་འབོད་ཚིག་སྒྲོག་པ།༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་སྐྱོར་འདོན་སོགས་བྱེད་བཞིན།དཀར་མོ་དགོན་པ་ནས་ལམ་ཐག་སྤྱི་ལེ་ ༤༠ ཙམ་ཡོད་པའི་ཐང་རྒན་ཞང་བར་དུ་ཞི་བའི་ངོ་རྒོལ་གོམ་བགྲོད་བྱས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎