བཀའ་ཁྲི་མཆོག་ལ་མེལ་སྦོན་དུ་ཕེབས་བསུ་ཞུས་འདུག
2012.06.25
ར་ལོ་དོན་ལྡན།
༄༅༎ཕྱི་ཟླ་༦ཚེས་༢༤རེས་གཟའ་ཉི་མའི་ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བླ་བཟང་སེངྒེ་མཆོག་ཨོསྛྲེ་ལི་ཡའི་ནང་ཉིན་གྲངས་བརྒྱད་རིང་འཚམས་གཟིགས་གནང་བཞིན་ཡོད་པ་དང༌།ཡུལ་དེའི་གྲོས་ཚོགས་ཀྱི་དབུ་ཁྲིད་ཁག་ཅིག་དང་མཇལ་འཕྲད།རྒྱལ་ཡོངས་གསར་འགྱུར་ལས་ཁང་ཁག་ཅིག་ལ་བཀའ་མོལ་གནང་རྒྱུ།ས་གནས་བོད་མི་རྣམས་ལ་བཀའ་སློབ།དེ་བཞིན་ཁུལ་དེའི་རྒྱ་རིགས་ཁག་ཅིག་གི་ལྷན་མཇལ་མོལ་གནང་འཆར་ཡོད་པ་སོགས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ར་ལོ་དོན་ལྡན་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎