བདེན་པའི་མེ་ལྕེ་སྐོར་བསྐྱོད།

བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དང་འབྲེལ་བའི་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས།

2012.06.27
བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དང་འབྲེལ་བའི་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས།
འཇིགས་མེད་སྙན་གྲགས།
གསར་འགྱུར་ལ་གསན་རོགས།

༄༅༎ཕྱི་ཟླ་༦ཚེས་༢༧རེས་གཟའ་ལྷག་པའི་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ད་ལྟའི་བོད་ཐོག་འཛིན་པའི་གདུག་རྩུབ་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་ལ་འགྱུར་བ་མེད་པར། བོད་ཀྱི་སྣོད་བཅུད་ཡོངས་རྫོགས་བཙན་བཟུང་གིས་བོད་མི་རྣམས་དམར་གསོད་དང་བཙོན་འཇུག གཅར་རྡུང་། སུན་བཙིར་སོགས་ཀྱིས་མཚོན་པའི་སྡུག་སྦྱོང་མནར་གཅོད་ཀྱི་དྲག་གནོན་མཚམས་འཇོག་ཡོང་བའི་ཆེད་དང༌།བོད་དོན་བདེན་མཐའ་གསལ་ཆེད།༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཐབས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ལ་བརྒྱུད་བསྒྲགས་བྱ་ཆེད་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་ཕྱི་ལོ་ ༢༠༡༢ ལོའི་ཟླ ༧ ཚེས ༦ སྟེ་༸གོང་ས་ལྷ་མིའི་རྣམ་འདྲེན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་འཁྲུངས་ལྷ་དབྱར་གསོལ་ཉིན་མོ་དང་སྟབས་བསྟུན་འགོ་འཛུགས་བྱ་རྒྱུའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎