མརྐ་ལགས་ཤིན་ཧྭ་གསར་ཁང་ནས་དགོངས་ཞུ།
2012.08.24
བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།
༄༅། །Ottawa ཁུལ་གྱི་ཤིན་ཧྭ་གསར་ལས་ཁང་གི་འགན་འཛིན་Dacheng Zhang གིས་ཀེ་ཎེ་ཌའི་གསར་འགོད་པ་Mark Bourie ལགས་སུ། ད་ལོ་ཕྱི་ཟླ་བཞི་པའི་ནང་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་Ottawa ཁུལ་གསར་འགོད་ལྷན་ཚོགས་བསྐྱངས་པའི་ཐོག་གི་ བཀའ་སློབ་ཡོངས་རྫོགས་སྒྲ་འཇུག་བྱས་ནས་ཟིན་བྲིས་ཡིག་ཆ་དང་བཅས་པ་ཚང་མ་རྩིས་སྤྲོད་བྱེད་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་རེད། འོན་ཀྱང་ཁོང་གིས་དེར་དྭང་ལེན་གནང་རྒྱུའི་ཚབ་ཏུ་ལས་གནས་ནས་དགོངས་ཞུ་གནང་ཡོད་པ་རེད། དེའི་སྐོར་རིག་འཛིན་ཆོས་སྒྲོན་ནས་གནས་ཚུལ་ཕབ་བསྒྱུར་གྱིས་ཕྱོགས་སྒྲིག་བྱས་པར་གསན་རོགས།