དགེ་སློབ་༡༠༠༠བརྒལ་བར་བཀའ་སློབ།
2014.03.24
༄༅༎ཕྱི་ཟླ་གསུམ་པའི་ཚེས་ ༢༤ དེ་རེས་གཟའ་ཟླ་བའི་ཉིན། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་ཡོད་པའི་ལྡི་ལི་གཙུག་ལག་མཐོ་རིམ་སློབ་གྲྭའི་ ཤྲི་རམ་ཚོང་ལས་མཐོ་རིམ་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༨༨ འཁོར་བའི་མཛད་སྒོའི་་སྐུ་མགྲོན་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཆིབས་བསྒྱུར་བསྐྱངས་གནང་ནས། མཐོ་རིམ་སློབ་གྲྭའི་དགེ་སློབ་ ༡༠༠༠ བརྒལ་བར་བླང་དོར་གྱི་བཀའ་སློབ་ལམ་སྟོན་བསྩལ་གནང་མཛད་ཡོད་པའི་སྐོར། འདི་གའི་གསར་འགོད་པ་ཇོ་ལེབ་ཆོས་འཕེལ་གྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས༎
ཡིག་ཐོག་གསར་འགྱུར>>>
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་དད་ལྡན་ཆོས་ཞུ་བ་གསུམ་བརྒྱ་ལྷག་ཙམ་ལ་ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་རྗེས་གནང་སྩལ་གནང་ཡོད་པ་རེད།
དེ་ཡང་ཕྱི་ཚེས་༢༣་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཏཇ་གསོལ་མགྲོན་ཁང་དུ་དད་ལྡན་ཆོས་ཞུ་བ་གསུམ་བརྒྱ་ལྷག་ཙམ་ལ་ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་རྗེས་གནང་སྩལ་གནང་ཡོད་པ་དང་། སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་ཆོ་ཞུ་བ་ཚོར་བཀའ་སློབ་སྩལ་གནང་དོན་ལ་དེ་རིང་ཆོས་འབྲེལ་བྱ་རྒྱུ་ནི་སྔགས་ཀྱི་ཐེག་པའི་ནང་གསུངས་པ་ཞིག་ཆགས་ཡོད། ཐེག་ཆེན་དང་རྒྱུད་གཉིས་ལ་ཡུན་རིང་པོའི་ལོ་རྒྱུས་ཐོག་རྩོད་ཡོད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཐེག་ཆེན་སངས་རྒྱས་ཀྱི་བཀའ་ཡིན་པ་ལུང་རིག་གིས་བསྒྲུབ་པ་གནང་ཡོད་པ་མ་ཟད་ བྱམས་པ་མགོན་པོ་དང་ སློབ་དཔོན་ལེགས་ལྡན་འབྱེད་ ཕྱིས་སུ་ཞི་བ་ལྷ་སོགས་ཀྱིས་ཐེག་ཆེན་སངས་རྒྱས་ཀྱི་བཀའ་ཡིན་པ་བསྒྲུབས་གནང་ཡོད་པ་རེད། ཡང་༧གོང་ས་མཆོག་གིས་མུ་མཐུད་བཀའ་གནང་དོན ། ཐེ་ཝན་དང་རྒྱ་ནག་ནང་དེང་སྐབས་ཐེག་ཆེན་སངས་རྒྱས་ཀྱི་བཀའ་ཡིན་མིན་ཐད་རྩོད་པ་གནང་མཁན་འགའ་ཤས་ཡོད་ཅིང་། པ་ལིའི་གཞུང་གཙོ་བོར་འཛིན་མཁན་གྱི་ནང་པའི་རྒྱལ་ཁབ་ཁག་ཅིག་ནང་གནས་སྟངས་དེ་ལྟར་ཡོང་བཞིན་ཡོད་པ་རེད། རྒྱ་ནག་དང་ ཉི་འོང་ ཀོ་རི་ཡའ་ ཝི་ཏི་ནམ་སོགས་ཀྱི་ནང་བྱ་རྒྱུད་དང་སྤྱོད་རྒྱུད། རྣལ་འབྱོར་བརྒྱུད་སོགས་ཉམས་བཞེས་གནང་བཞིན་ཡོད་པ་རེད། བོད་དུ་འདུལ་བར་གཞི་བཅོལ་བའི་བྱང་སེམས་ཀྱི་སྤྱོད་པ་དེ་དག་རྒྱུད་སྡེ་ནས་གསུངས་པ་དང་མཐུན་པའི་ཐོག་ནས་ཉམས་བཞེས་གནང་བཞིན་ཡོད་པ་རེད་ཅེས་སོགས་ཀྱི་ཆོས་འབྲེལ་སྩལ་གནང་རྗེས་ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་རྗེས་གནང་སྩལ་གནང་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོལ།
ཕྱི་ཚེས་༢༤ཉིན་༸གོང་ས་མཆོག་ནས་ཤྲི་རམ་མཐོ་སློབ་ཀྱི་དགེ་སློབ་༡༠༠༠བརྒལ་བར་བླང་དོར་གྱི་བཀའ་སློབ་བསྩལ་བ།
ཕྱི་ཚེས་༢༤ཉིན་༸གོང་ས་མཆོག་ནས་ཤྲི་རམ་མཐོ་སློབ་ཀྱི་དགེ་སློབ་༡༠༠༠བརྒལ་བར་བླང་དོར་གྱི་བཀའ་སློབ་བསྩལ་བ།
གསར་འགོད་པ་ཇོ་ལེབ་ཆོས་འཕེལ།
འབྲེལ་ཡོད་གནས་ཚུལ་གཞན>>>
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༢༣་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བསྟི་གནས་ཁང་ལ་རྒྱ་གར་གྱི་སྲིད་བློན་དམ་པ་ལལ་བྷ་ཧ་དུར་ཤསྟྲི་མཆོག་གི་སྐུ་ཚེའི་ནང་གི་ཆོས་ཕྱོཌ་དང་ཆབ་སྲིད། སྤྱི་ཚོཌ་ཀྱི་བརྒྱུད་རིམ་ནང་འཕྲད་པའི་གནས་ཚུལ་ལས་གྲུབ་པའི་འགོ་ཁྲིད་བྱེད་སྟངས་ཀྱི་ལམ་སྟོན་ཞེས་པའི་དཔེ་དེབ་དབུ་འབྱེད་མཛད་པའི་རྗེས་སུ་དེར་འདུས་མི་མང་༣༠༠་ལྷག་ལ་བཀའ་སློབ་སྩལ་དོན་ལ། ངོས་རང་འདིར་ཡོང་ནས་རྒྱ་གར་གྱི་སྲིད་བློན་དམ་པ་ལལ་བྷ་ཧ་དུར་ཤྰསྟྲི་མཆོག་གི་དཔེ་དེབ་དབུ་འབྱེད་གནང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། མགོན་པོ་གང་ཉིད་དམ་པ་ཁོང་ལ་བརྩི་བཀུར་ཞུ་མཁན་ཞིག་ཡིན་པ་དང་ཁོང་གློ་བུར་དུ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་གསན་སྐབས་༧གོང་ས་མཆོག་ཐུཌ་སྐྱོ་པོ་བྱུང་བ་དང་། དུས་མཚུངས་ཁོང་ལོ་ཁ་ཤས་རིང་སྐུ་འཚོ་བཞུཌ་ཐུབ་ཡོད་ན། ལུང་པ་འདིར་གལ་གནད་ཆེ་བའི་ལས་དོན་ཁ་ཤས་སྒྲུབ་ཐུབ་ངེས་རེད། ཁོང་ནི་རྒྱ་གར་འཕཌ་པའི་ཡུལ་ལ་ལོ་ངོ་སྟོང་ཕྲག་རིང་ནས་ཡོད་པའི་རྒྱ་གར་གྱི་འཚེ་མེད་ཞི་བ་སོཌ་རིན་ཐང་ཅན་གྱི་རིག་གཞུང་རྣམས་གཅེས་འཛིན་གནང་མཁན་ཞིག་ཆཌ་ཡོད། རྒྱ་གར་གྱི་མི་མང་རྣམས་ཀྱིས་རང་ཉིད་ལ་གནའ་རབས་ནས་བརྒྱུད་པའི་རིག་གཞུང་བཟང་པོ་ཞིག་ཡོད་པ་རྣམས་སྔར་ལྷག་བདག་གཅེས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ༧མགོན་པོ་གང་ཉིད་རྒྱ་གར་ནང་ལོ་ལྔ་བཅུ་ལྷག་བསྡད་པའི་རིང་རྒྱ་གར་གྱི་སྲིད་འཛིན་དང་སྲིད་བློན་སོཌ་འཕོ་འགྱུར་ཕྱིན་པ་རྣམས་གཟིཌ་པ་དང་དེ་བཞིན་རྒྱ་གར་ལ་ལོ་སྟོང་ཕྲག་རིང་ནས་ཡོད་པའི་རིན་ཐང་ཅན་གྱི་རིག་གཞུང་རྣམས་ཕྲན་བུ་ཉམས་ཆག་འགྲོ་ཡོད་པའི་རྣམ་པ་མཐོང་སྐབས་ཐུཌ་འཚབ་ཡོང་གི་འདུག རྒྱ་གར་ལ་རང་བཙན་ཐོབ་སྟེ་ལོ་བཅུ་ཕྲག་འགའ་ཤས་ཕྱིན་པའི་བརྒྱུད་རིམ་ནང་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་བསྡུར་ན་ཧ་ཅང་སྲ་བརྟན་རེད། དེ་ནི་རྒྱ་གར་ནང་ཆོས་ལུཌ་ཕན་ཚུན་མཐུན་སྒྲིལ་ཡག་པོ་ཡོད་པ་དང་འཚེ་མེད་ཞི་བའི་ལྟ་གྲུབ་ལ་ཡིད་ཆེས་བྱས་དང་བྱེད་མུས་ཀྱི་རྒྱུ་མཚན་ལ་བརྟེན་ནས་བྱུང་བ་ཞིག་རེད་ཅེས་སོཌ་ཀྱི་བཀའ་སློབ་སྩལ་གནང་མཛད་ཡོད་པའི་གནས་ཚུལ་འདུག
གསར་འགོད་པ་བསོད་ནམ་ལྷ་མོ།