སྒང་ཏོག་ཏུ་རྒྱང་རྒྱུག་གོ་སྒྲིག་ཞུས་ཏེ་༧པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།

༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་གི་ད་ལྟའི་གནས་བབ་གོ་རྟོགས་གང་མང་སྤེལ་སླད་སྒང་ཏོག་ཏུ་རྒྱང་རྒྱུག་གི་འགྲན་བསྡུར་ཞིག་གནང་འདུག

༧ཀུན་གཟིཊ་པཎ་ཆེན་རིན་པོ་ཆེའི་གནས་སྟངས་གོ་རྟོགས་སྤེལ་ཆེད་སྒང་ཏོག་ཏུ་རྒྱང་རྒྱུག་འགྲན་བསྡུར་གྱི་ལས་རིམ་ཞིག་གནང་འདུག

ཕྱི་ཟླ་ ༤ ཚེས་ ༢༥ ཉིན་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༧ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་ཉིན་རྒྱ་གར་བྱང་ཤར་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་རིན་པོ་ཆེའི་ད་ལྟའི་གནས་སྟངས་ས་གནས་མང་ཚོགས་ལ་གོ་རྟོགས་སྤེལ་ཆེད་རྒྱང་རྒྱུག་གི་ལས་འགུལ་ཞིག་སྤེལ་ཡོད་ཅིང་། སྐབས་དེར་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་ལམ་ཏ་བསྟན་འཛིན་ནོར་བུ་ལགས་ཀྱིས། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་དབུས་པས་འབྲས་ལྗོངས་གཞུང་མང་གཉིས་ཀྱི་ཚབ་ཞུས་ཏེ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་ཁྲུངས་སྐར་ལ་མཚམས་འདྲི་ཞུ་རྒྱུ་དང་ཁོང་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་ཞུ་བཞིན་ཡོད་ཅེས་དང་། ཡིད་སྐྱོ་བའི་གནས་སྟངས་ཞིག་ལ་རིན་པོ་ཆེ་མཆོག་དགུང་ལོ་དྲུག་ནས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཏེ་ད་བར་ཁོང་སྐུ་འཚོ་བཞུགས་ཡོད་མེད་ཙམ་ཡང་ང་ཚོ་སུ་ཞིག་གིས་ཀྱང་ཤེས་ཀྱི་ཡོད་མ་རེད། འདི་ནི་འཛམ་གླིང་གི་ནང་པ་ཡོངས་རྫོགས་ལ་ཡིད་སྐྱོ་བའི་གནས་ཚུལ་ཞིག་ཡིན་པ་དང་། གལ་སྟེ་རྒྱ་ནག་གཞུང་གིས་ཁོང་གང་དུ་ཡོད་མེད་དང་སྐུ་འཚོ་བཞུགས་ཡོད་མེད་ཀྱི་གནས་ཚུལ་གསལ་པོ་གཤོད་པ་ཡིན་ན་ང་ཚོ་ཚང་མར་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང།

སྒང་ཏོག་ཏུ་རྒྱང་རྒྱུག་གོ་སྒྲིག་གིས་༧པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་ཞུས་པ། ༢༠༢༦།༤།༢༥
སྒང་ཏོག་ཏུ་རྒྱང་རྒྱུག་གོ་སྒྲིག་ཞུས་ཏེ་༧པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་ཞུས་པ། སྒང་ཏོག་ཏུ་རྒྱང་རྒྱུག་གོ་སྒྲིག་གིས་༧པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་ཞུས་པ། ༢༠༢༦།༤།༢༥ (RFA Tibetan)

མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་ཆབ་སྲིད་དྲུང་ཆེ་ལས་འཕར་ལེབ་ཅ་ཚེ་རིང་དབང་ཕྱུག་ལགས་ཀྱིས། ༧པཎ་ཆེན་རིན་པོ་ཆེ་མཆོག་ནི་འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་སྐུ་ན་ཆུང་ཤོས་ཞིག་དང་མ་འོངས་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་མཁན་ཁོངས་སུ་གཙོ་བོ་ཞིག་ཆགས་ཀྱི་ཡོད་པ་རེད་ཅེས་དང་། འདི་གར་མི་ཚོགས་མང་པོ་འཛོམས་པ་ནི་༧པཎ་ཆེན་རིན་པོ་ཆེ་མགྱོགས་མྱུར་གློད་བཀྲོལ་ཡོང་བ་དང་རྒྱབ་སྐྱོར་གྱི་རྣམ་པ་གསལ་སྟོན་གྱི་ཆེད་དུ་ཡིན་པ་གསུངས་སོང་།

སྒང་ཏོག་ནང་གི་མི་ཚོགས་མང་པོ་འཛོམས་སའི་ཁྲོམ་ར་ (MG Marg) དུ་རྒྱང་འགྱུག་འགྲན་བསྡུར་གྱི་ལས་རིམ་ཞིག་གོ་སྒྲིག་གནང་ཡོད་པ
མི་ཚོགས་ཆེ་སའི་སྒང་ཏོག་ (MG Marg) ཁྲོམ་རྭར་རྒྱང་རྒྱུག་ལས་འགུལ་གནང་པ། སྒང་ཏོག་ནང་གི་མི་ཚོགས་མང་པོ་འཛོམས་སའི་ཁྲོམ་ར་ (MG Marg) དུ་རྒྱང་རྒྱུག་འགྲན་བསྡུར་གྱི་ལས་རིམ་ཞིག་གོ་སྒྲིག་གནང་ཡོད་པ། ༢༠༢༦།༤།༢༥ (RFA Tibetan)

ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉི་མོ་དང་སྟབས་སྟུན་སྒང་ཏོག་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ས་གནས་བུད་མེད་ལྷན་ཚོགས་གཉིས་མཉམ་སྦྲེལ་ཐོག་སྒང་ཏོག་ནང་གི་མི་ཚོགས་མང་པོ་འཛོམས་སའི་ཁྲོམ་ར་ (MG Marg) དུ་རྒྱང་རྒྱུག་འགྲན་བསྡུར་གྱི་ལས་རིམ་ཞིག་གོ་སྒྲིག་གནང་ཡོད་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་རིན་པོ་ཆེ་མཆོག་གི་དངོས་ཡོད་གནས་སྟངས་ས་གནས་ཡུལ་མི་ཚོ་ལ་གོ་རྟོགས་སྤེལ་ཆེད་ཡིན་སྐོར་སྒང་ཏོག་ས་གནས་གཞོན་ནུའི་ཚོགས་གཙོས་གསུང་གི་འདུག་ཅིང་། རྒྱང་རྒྱུག་གི་འགྲན་སྡུར་ནང་སྒང་ཏོག་དང་། ཀ་ལོན་སྦུག རྡོ་རྗེ་གླིང་། ས་ལུ་སྒར་བཅས་ནས་བོད་མི་དང་ས་གནས་ཡུལ་མི་ཁྱོན་ ༧༠༠ ལྷག་གིས་མཉམ་ཞུགས་གནང་ཡོད་པ་རེད།

༧པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་༧པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གསལ་བསྒྲགས་བསྐྱངས་གནང་ཡོད་པ་བཞིན། ཉིན་གསུམ་གྱི་རྗེས་ཏེ་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་དགུང་གྲངས་དྲུག་ལ་ཕེབས་པའི་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་དང་ཁོང་གི་ནང་མི་སྐུ་འཁོར་དང་བཅས་པ་བཙན་ཁྲིད་བྱས་ཏེ་ད་བར་གར་སོང་མེད་པར་ཁྲིད་དེ་གནས་སྟངས་གང་ཞིག་གི་འོག་ཡོད་མེད་རྩ་བ་ནས་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད།།