བོད་མིའི་སྒྲིག་འཛུཊ་ཀྱི་ལོ་འཁོར་སྔོན་རྩིས་ལ་བཀའ་འཁྲོལ།

2014-01-22
གློག་འཕྲིན།
མཆན།
Share
པར་བཀོད།
བོད་མིའི་སྒྲིག་འཛུགས་ཀྱི་་ལོ་འཁོར་སྔོན་རྩིས་འཆར་འབུལ་ལ་ཞིབ་འཇུག་སྐབས།
བོད་མིའི་སྒྲིག་འཛུགས་ཀྱི་་ལོ་འཁོར་སྔོན་རྩིས་འཆར་འབུལ་ལ་ཞིབ་འཇུག་སྐབས།
པར། བོད་མིའི་སྒྲིག་འཛུགས།

བཀའ་ཤག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་འཆར་འབུལ་ལ་ཞིབ་འཇུག་གནང་རྗེས་བཀའ་འཁྲོལ་གནང་འདུག
དེ་ཡང་ཟླ་བ་འདི་ཚེས་༡༦ནས་༢༢་བར་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ཕྱི་ལོ་༢༠༡༤-༡༥ལོའི་ལོ་འཁོར་སྔོན་རྩིས་འཆར་འབུལ་ཁག་ལ་བཀའ་ཤག་གིས་ཞིབ་འཇུག་གནང་རྗེས་བཀའ་འཁྲོལ་རྒྱབ་གཉེར་དང་སྦྲགས་བཀའ་འཁྲོལ་གནང་ཡོད་པ་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་བཀའ་ཤག་ཚོགས་ཁང་དུ། བདུན་ཕྲག་གཅིག་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་རེ་རེ་བཞིན་ལོ་འཁོར་སྔོན་རྩིས་འཆར་འབུལ་ལ་བཀའ་འཁྲོལ་གནང་རྒྱུའི་ལས་རིམ་ཁོངས་ནས། འདི་ཚེས་༢༢ཉིན་ཆོས་རིག་ལས་ཁུངས་ཀྱི་སྔོན་རྩིས་དོགས་འདྲི་ཁག་ལ་གསལ་བཤད་དང་རྒྱབ་ལྗོངས་འགྲེལ་བརྗོད་ཞུ་རྒྱུའི་ཆེད་དུ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་དབུས་ཆོས་རིག་དྲུང་ཆེ་དང་། དེ་བཞིན་འབྲེལ་ཡོད་ལས་བྱེད་སོགས་ཕེབས་ཞུགས་གནང་འདུག དེ་རྗེས་དཔལ་འབྱོར་ལས་ཁུངས་ཀྱི་སྔོན་རྩིས་འཆར་འབུལ་ཐོག་གྲོས་བསྡུར་གནང་སྐབས་དཔལ་འབྱོར་དྲུང་ཆེ་དང་འབྲེལ་ཡོད་འགན་འཛིན། རྩིས་པ་སོགས་ཚོགས་བཅར་ཞུས་གནང་འདུག བདུན་ཕྲག་སྔ་མའི་ཕྱི་ཚེས་༡༦ནས་འགོ་འཛུགས་ཀྱིས་ཉིན་དང་པོར་ཕྱི་དྲིལ་ལས་ཁུངས་དང་། རིམ་པས་ནང་སྲིད་ལས་ཁུངས། ཤེས་རིག་ལས་ཁུངས། བཀའ་དྲུང་ཡིག་ཚང་། དབུས་འོས་བསྡུ་ལས་ཁང་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་། འཕྲོད་བསྟེན་ལས་ཁུངས། བདེ་སྲུང་ལས་ཁུངས། ཁྲིམས་ཞིབ་ཁང་། ཚོགས་དྲུང་ལས་ཁུངས། རྩིས་ཞིབ་ལས་ཁང་། ཆོས་རིག་ལས་ཁུངས་དང་དཔལ་འབྱོར་ལས་ཁུངས་བཅས་གནང་ཡོད།
སྤྱིར་ལོ་འཁོར་སྔོན་རྩིས་འཆར་འབུལ་ལ་སྲིད་སྐྱོང་མཆོག་གིས་ཐུགས་ཞིབ་དང་བཀའ་ཤག་གིས་མཐའ་མའི་བཀའ་འཁྲོལ་རྒྱབ་གཉེར་གནང་གི་ཡོད་པ་དང་། ཕྱོགས་བསྡོམས་སྔོན་རྩིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་ཚོགས་ཆུང་ལ་འབུལ་རྒྱུ་དང་། མཐའ་མར་ཕྱི་ཟླ་གསུམ་པའི་གྲོས་ཚོགས་ནང་ལོ་འཁོར་སྔོན་རྩིས་ཐོག་བགྲོ་གླེང་དང་བཅས་བཀའ་འཁྲོལ་གནང་རྒྱུ་ཡིན་པ་རེད། དངུལ་རྩིས་འཆར་འབུལ་གྱི་བསྡོམས་འབོར་ཇི་ཡིན་ཁ་གསལ་མི་འདུག
གསར་འགོད་པ་ཀརྨ་རྒྱ་མཚོ།

དྲ་གནས་ཆ་ཚང༌།