རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་དེ་༧གོང་ས་མཆོག་ལ་འབུལ་དགོས་པའི་འབོད་སྐུལ།


2020-08-26
Share
རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་དེ་༧གོང་ས་མཆོག་ལ་འབུལ་དགོས་པའི་འབོད་སྐུལ། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་བོད་དོན་ལས་འགུལ་སྤེལ་ཕྱོགས་ཀྱི་དྲ་ཐོག་ཚོགས་འདུ་སྐབས།
བོད་མིའི་སྒྲིག་འཛུགས།

རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་བོད་དོན་ལས་འགུལ་སྤེལ་ཕྱོགས་ཀྱི་དྲ་ཐོག་ཚོགས་འདུ་སྐབས་སུ་ཚོགས་བཅར་བ་ཡོངས་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་དེ། བྷ་རཏ་རཏྣ་འབུལ་དགོས་པའི་འབོད་སྐུལ་དང་ལས་འགུལ་ཤུགས་ཆེར་སྤེལ་རྒྱུའི་སྐོར་བསམ་ཚུལ་གཅིག་གྱུར་བྱུང་ཡོད་པ་དང་། དེ་བཞིན་ཉེ་ལམ་རྒྱ་དཀར་ནག་གཉིས་ཀྱི་བོད་ཀྱི་ས་མཚམས་ལ་དྭགས་ཁུལ་ཏུ་འཐབ་འཛིང་བྱུང་བ་དང་རྒྱ་ནག་ནས་ཏོག་དབྱིབས་ནད་ཡམས་ཁྱབ་པའི་སྟབས་ཀྱིས་རྒྱ་གར་གཞུང་དམངས་གཉིས་ཀས་རྒྱ་ནག་ལ་འཛིན་པའི་ལྟ་སྟངས་དེར་འགྱུར་བ་ཐེབས་ཀྱི་ཡོད་པའི་དུས་སྐབས་དེ་བཟུང་ནས་རེ་བ་ཆེན་པོས་ཐོག་ནས་རྒྱ་གར་ནང་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་སྔ་ལས་ལྷག་པ་ཤུགས་ཆེ་རུ་སྤེལ་ཐབས་དང་དེའི་ཕན་ནུས་ཀྱི་སྐོར་རྒྱལ་ས་ལྡི་ལི་གཏན་གཞི་བྱེད་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་
འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱི་དབར་གླེང་གནང་བར་གསན་རོགས་ཞུ།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།