བཙན་བྱོལ་ནང་གི་དམངས་གཙོའི་སྤྱི་ཚོགས།
2021.05.29
༄༅།།དེ་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དམངས་གཙོའི་ཐོག་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་རྣམ་པའི་འོས་བསྡུ་ཞུས་ཤིང་། ད་རེས་ཟླ་བ་འདིའི་ཚེས་༢༧ཉིན་བདམས་ཐོན་བྱུང་བའི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ལས་འཁུར་དམ་འབུལ་གནང་པ་དང་། དེ་རྗེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་བརྒྱུད་བཀའ་སློབ་དང་། སྲིད་སྐྱོང་གསར་པས་གསུང་བཤད་སོགས་གནང་ཡོད་པའི་འབྲེལ་ཡོད་ཀྱི་ཞིབ་ཕྲ་གནས་ཚུལ་ཁག་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ་སྒྲོལ་དཀར།