བཞུགས་སྒར་རྡ་རམ་ས་ལ་ནས་སྣ་ཐོད་ལ་བར་གོམ་བགྲོད།
2020.11.10
གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བཞུགས་སྒར་རྡ་རམ་ས་ལ་ནས་ ༢༠༢༠ ཟླ་ ༡༡ ཚེས་ ༢ ཉིན་དབུ་འཛུགས་ཀྱིས་རྒྱ་གར་དང་བོད་ཀྱི་ས་མཚམས་འབྲས་ལྗོངས་མངའ་སྡེའི་སྣ་ཐོད་ལ་བར་ཞི་བའི་གོམ་བགྲོད་ལས་འགུལ་བ་བསྟན་འཛིན་དོན་གྲུབ་ལགས་དང་ལྷན་ལས་འགུལ་གྱི་དགོས་དམིགས་དང་མྱོང་བ། མ་འོངས་འཆར་སྣང་བཅས་ཀྱི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།།