རྒྱ་ནག་གི་ཡིག་ལ་བཀོད་པའི་རྩ་ཁྲིམས་དང་དངོས་སུ་ལག་ལེན་བསྟར་བཞིན་པའི་སྲིད་ཇུས་གཉིས།


2018.02.02
རྒྱ་ནག་གི་ཡིག་ལ་བཀོད་པའི་རྩ་ཁྲིམས་དང་དངོས་སུ་ལག་ལེན་བསྟར་བཞིན་པའི་སྲིད་ཇུས་གཉིས། ཨ་རིའི་རྩ་ཁྲིམས་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས།
ཨ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌།

༄༅། །ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཞེས་པའི་ལེ་ཚན་ནང་དུ། ཞི་ཅིན་ཕེང་གི་དགོངས་པ་ཟླ་ཤས་རྗེས་ཚོགས་འཆར་ཡོད་པའི་ཚོགས་ཆེན་གཉིས་ཀྱི་སྐབས་སུ་རྩ་ཁྲིམས་སུ་བཀོད་ཆེད་བཏོན་པའི་ཏང་གི་བསམ་འཆར་དེ་དང་འབྲེལ་ནས། རྩ་ཁྲིམས་ཀྱི་ཁྱད་འཕགས་རང་བཞིན་དང་། བྱེད་ནུས། དགོས་པ་བཅས་ངོ་སྤྲོད་བྱས་པ་བརྒྱུད། རྒྱ་ནག་གི་ཡིག་ཐོག་ལ་བཀོད་པའི་རྩ་ཁྲིམས་དང་སྤྱི་ཚོགས་ཁྲོད་དངོས་སུ་ལག་ལེན་དུ་བསྟར་བཞིན་པའི་སྲིད་ཇུས་གཉིས་མཐུན་མིན། དེ་བཞིན་རྩ་ཁྲིམས་དང་དམངས་ཁྲིམས། ཉེས་ཁྲིམས་བཅས་ཀྱི་ཁྱད་པར་ལ་སོགས་པའི་ཐད། ཁྲིམས་རྩོད་པ་གཉིས་དང་མཉམ་དུ་སྟག་ལྷ་རྒྱལ་ལགས་ཀྱིས་བགྲོ་གླེང་བྱེད་རྒྱུ་དང་། ཞོར་དུ་འགྲོ་བ་མིའི་ལོ་རྒྱུས་སུ་ཡིག་ཐོག་ཏུ་བཀོད་པའི་རྩ་ཁྲིམས་དང་པོ་སྟེ། ཨ་མེ་རི་ཀའི་རྩ་ཁྲིམས་དང་རྒྱ་ནག་གི་རྩ་ཁྲིམས་གཉིས་གཤིབ་བསྡུར་ཡང་བྱེད་རྒྱུ་ཡིན།།
གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎