རྒྱ་ནག་ལ་ལས་འབྲས་ངན་པ་འབྱུང་རྒྱུའི་ཚོད་དཔག


2014.01.23
རྒྱ་ནག་གི་རྒྱལ་ས་པེ་ཅིན། རྒྱ་ནག་ལ་ལས་འབྲས་ངན་པ་འབྱུང་རྒྱུའི་ཚོད་དཔག།
པར། རྒྱ་ནག་ནས་བཏང་འབྱོར།

རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཁག་ལ་རྒྱུ་ནོར་ངོམ་སོ་དང་དབང་ཡོད་གཏོང་གི་ཡོད་པར་འབྲས་ངན་འབྱུང་རྒྱུའི་ཚོད་དཔག་བྱས་འདུག
དེ་ཡང་རྒྱ་ནག་གིས་དུས་རྒྱུན་རྒྱལ་སྤྱིའི་ཐོག་ཆབ་སྲིད་དང་། དཔལ་འབྱོར་ཀྱི་སྟོབས་ཤུགས་ཆེ་མཐོང་ཐོབ་ཐབས་བྱེད་བཞིན་པའི་ཁར། འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་གཉིས་པ་ཡིན་པའི་ཆ་ནས་ཨ་ཧྥི་རི་ཀའི་གླིང་ཕྲན་གྱི་ཚོང་ཤག་ཆེ་ཤོས་ཆགས་ཡོད་ཀྱང་། རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཆུང་ཁག་ཚོར་རྒྱུ་ནོར་ངོམ་སོ་དང་། བསམ་བཞིན་དུ་དབང་ཡོད་མཐོང་ཆུང་ཁྱད་གསོད་བྱེད་བཞིན་པའི་བྱས་འབྲས་ངན་པ་ཡོང་རྒྱུར་གནད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། དཔེར་ན་ཕྱི་ལོ་༢༠༡༠་ལོར་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ལོའུ་ ཞིའོ་པོ་Liu Xiaobo ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་རྗེས་རྒྱ་ནག་གིས་ནོར་ཝེ་ལ་ཉེས་པ་གཏོང་རྒྱུར་ཐག་གཅོད་ཀྱིས་ཡུལ་གཉིས་ཀྱི་ཚོང་འབྲེལ་ལ་བར་ཆད་བྱུང་བ་དང་། ད་ལམ་ནོར་ཝེ་ཡིས་ཉ་ཤའི་ཚོང་འབྲེལ་བཀག་ཡོད་འདུག མ་ཟད་ནོར་ཝེ་ཡུལ་གྱི་རོལ་དབྱངས་པ་གྲགས་ཅན་ཨ་ལེཀྫེནྡར་རའེ་བྭཀ་Alexander Rybakརྒྱ་ནག་ནང་སྐོར་བསྐྱོད་གྱི་འཆར་གཞི་ཕྱིར་བསྡུ་དང༌། རྒྱ་ནག་ནང་ཕྱི་མི་འགྲུལ་བཞུད་པ་ཚོར་ཆུ་ཚོད་༧༢རིང་འཕྲལ་སེལ་མཐོང་མཆན་སྤྲོད་སྲོལ་ཡོད་པའི་ཁོངས་ནས་ནོར་ཝེ་ཕྱིར་འབུད་བྱས་ཡོད་འདུག
ནོར་ཝེ་ལྟ་བུ་རྒྱལ་ཁབ་ཆུང་ཁག་ལ་རྒྱ་ནག་གིས་ཐུབ་ཚོད་དེ་རིགས་གཏོང་རྐྱང་བྱས་ན། རྒྱལ་སྤྱིའི་སྣང་ངོར་རྒྱ་ནག་གི་ཆེ་མཐོང་དམར་རུ་འགྲོ་སྲིད་པ་རེད་ཅེས་ཡོ་རོབ་ནང་རྒྱ་ནག་གི་ཚོང་པ་ཆུང་ཁག་ལ་མཐུན་འགྱུར་བསྐྲུན་བྱེད་མཁན་དབྱིན་ཇིའི་ཚོང་པ་ཕིལ་མེཌི་Phil Meadཡིས་སྐྱོན་བརྗོད་གནང་འདུག
གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎