རྒྱ་ནག་གི་ཏང་གི་ཚོགས་ཆེན་༢༠པ་འཚོགས་རྒྱུའི་ཁོར་ཡུག་དང་ཆ་རྐྱེན་ཡག་པོ་ཞིག་བསྐྲུན་ཆེད་ནད་ཡམས་སྔོན་འགོག་དེ་གནད་འགག་ཇི་ཙམ་ཆགས་ཡོད་མེད།

2022.05.11
རྒྱ་ནག་གི་ཏང་གི་ཚོགས་ཆེན་༢༠པ་འཚོགས་རྒྱུའི་ཁོར་ཡུག་དང་ཆ་རྐྱེན་ཡག་པོ་ཞིག་བསྐྲུན་ཆེད་ནད་ཡམས་སྔོན་འགོག་དེ་གནད་འགག་ཇི་ཙམ་ཆགས་ཡོད་མེད། རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར།
ཨེ་ཨེཕ་པི།

རྒྱ་ནག་གིས་ཏོག་དབྱིབས་ནད་ཡམས་གཅིག་ཀྱང་མེད་པ་བཟོ་རྒྱུའི་མཁྲེགས་བཟུང་གི་སྲིད་ཇུས་དེར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཡུན་གནས་མི་ཐུབ་པ་ཞིག་ཡིན་པའི་སྐྱོན་བརྗོད་བྱེད་རྗེས། སྲིད་ཇུས་དེའི་ཐོག་རྒྱ་ནག་གི་དྲ་ཐོག་ལ་བགྲོ་གླེང་རིགས་ཞིབ་བཤེར་བཀག་སྡོམ་ནན་པོ་བྱེད་ཀྱི་ཡོད་པ་རེད། ཏོག་དབྱིབས་ནད་ཡམས་ཀླད་ཀོར་ཞེས་གཅིག་ཀྱང་མེད་པ་བཟོ་རྒྱུའི་རྒྱ་ནག་གི་ཐབས་ཇུས་དེས་མི་འབོར་ས་ཡ་༢༥ཙམ་གནས་སའི་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་དུ་ཐེམས་སྤང་བཀའ་རྒྱ་བསྡམས་ནས་ཡུན་རིང་ཕྱིན་ཡང་། ད་དུང་མཚམས་འཇོག་རྒྱུའི་དུས་ཚོད་ངེས་གཏན་མེད་པར་ས་གནས་མི་དམངས་ཚོའི་འགྲོ་འདུག་རང་དབང་དང་འཚོ་གོས་གཏམ་གསུམ་ལ་དོ་ཕོག་ཆེན་པོ་ཐེབས་ཡོད་པ་རེད། དཀའ་ངལ་དེ་བཞིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་གཙོས་པའི་གྲོང་ཁྱེར་གཞན་ཁག་ཏུ་ཡང་གཅིག་མཚུངས་ཀྱིས་ཁྱབ་ཡོད་པའི་སྐབས་འདིར། གཟའ་མིག་དམར་ཉིན་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་སྤྱི་ཁྱབ་མཆོག་གིས་རྒྱ་ནག་གི་ཏོག་དབྱིབས་ནད་ཡམས་ཀླད་ཀོར་གྱི་ཐབས་ཇུས་དེ་ཡུན་གནས་མི་ཐུབ་པའི་འགྱུར་བ་གཏོང་དགོས་སྐོར་བརྗོད་ཡོད། དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་རྒྱ་ནག་གི་ཏང་གི་ཚོགས་ཆེན་༢༠པ་འཚོགས་རྒྱུའི་ཁོར་ཡུག་དང་ཆ་རྐྱེན་ཡག་པོ་ཞིག་བསྐྲུན་ཆེད་ནད་ཡམས་སྔོན་འགོག་དེ་ཆབ་སྲིད་ཀྱི་ངོ་བོ་དང་གནད་དོན་གལ་ཆེ་ཞིག་དང་གནད་འགག་རང་བཞིན་ཇི་འདྲ་ཆགས་པའི་སྐོར། སུད་སི་བཞུགས་པའི་སུད་སི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུར་པ་བློ་བཟང་ཉི་མ་ལགས་དང་ལྷན་དུ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བགྲོ་གླེང་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎