རྒྱ་ནག་གི་ཚོགས་ཆེན་ཉི་ཤུ་པར་ཕྱིར་བལྟས།
ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་སྐབས་སུ་བབ་པའི་གླེང་བྱ་ནི། ཉེ་ལམ་མཇུག་བསྒྲིལ་བའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཉི་ཤུ་པའི་སྔ་གཞུག་ཏུ་བྱུང་བའི་གནད་དོན་གལ་ཆེན་འགའ་སྟེང་། དབུས་ཆབ་སྲིད་རྒྱུན་ལས་ཚང་མ་ཞི་ཅིན་ཕིང་གི་ཕྱོགས་གཏོགས་ཤར་སྟག་ཡིན་པ་དང་། ཆབ་སྲིད་རྒན་རབས་ཧུ་ཅིན་ཐོ་ཚོགས་ཆེན་གྱི་ཉིན་མཐའ་མར་བརྒྱ་ཡི་རིག་ས་དང་སྟོང་གི་མཐོང་ས་ནས་བཙན་ཤེད་ཀྱིས་ཚོགས་ཁང་གི་ཕྱིར་ཕུད་པ། དེ་བཞིན་ཚོགས་ཆེན་གྲོལ་ནས་བདུན་ཕྲག་གཅིག་གི་མཚམས་སུ་ཞི་ཅིན་ཕིང་གིས་དབུས་ཆབ་སྲིད་རྒྱུན་ལས་དྲུག་གི་སྣེ་འཁྲིད་ནས་དམར་པོའི་གསར་བརྗེའི་གདན་ས་ཡན་ཨན་དུ་གནས་འཇལ་ལ་སོང་བ་ལ་སོགས་རེ་རེ་བཞིན་ཞིབ་ཏུ་གླེང་རྒྱུ་དང་། དེ་མིན་འདས་པའི་ལོ་བཅུའི་རིང་བོད་ནང་ཏུ་གང་བྱུང་བར་གཞིགས་ནས། མ་འོངས་པར་བོད་སོགས་གྲངས་ཉུང་མི་རིགས་ཀྱི་སྲིད་ཇུས་ཀྱི་ཁ་གང་ལ་ཕྱོགས་མིན་བཅས་ཀྱི་སྐོར། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཞིབ་འཇུག་པ་དང་། བོད་རྒྱའི་གནད་དོན་དཔྱད་ཞིབ་པ་སྐུ་ཞབས་སངས་རྒྱས་སྐྱབས་ལགས་དང་མཉམ་དུ་སྟག་ལྷ་རྒྱལ་གྱིས་བགྲོ་གླེང་བྱས་པ།
གསར་འགོད་པ། སྟག་ལྷ་རྒྱལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།