རྒྱ་ནག་གིས་ཨོ་ལོམ་པིཀསི་རྩེད་འགྲན་གྱི་གནས་ཚུལ་བཀོད་སྤེལ་བྱེད་མཁན་གྱི་གསར་འགོད་པའི་འགྲོ་འོང་ལ་དམ་བསྒྲགས་བྱས་པ།

2022.02.16
Share on WhatsApp
Share on WhatsApp
རྒྱ་ནག་གིས་ཨོ་ལོམ་པིཀསི་རྩེད་འགྲན་གྱི་གནས་ཚུལ་བཀོད་སྤེལ་བྱེད་མཁན་གྱི་གསར་འགོད་པའི་འགྲོ་འོང་ལ་དམ་བསྒྲགས་བྱས་པ། ༢༠༢༢།༢།༡༣། རྒྱ་ནག་གི་དྲག་ཆས་ཉེན་རྟོག་པ་༢༠༢༢་པེ་ཅིན་ཨོ་ལོམ་པིཀསི་རྩེད་འགྲན་སྐབས།
ཨེ་པི།

རྒྱ་ནག་གཞུང་གིས་པེ་ཅིན་དགུན་དུས་ཨོ་ལོམ་པིཀསི་རྩེད་འགྲན་གོང་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཝུའུ་ཅའ་སོགས་མི་སྣ་ཚོར་དམ་དྲག་བཀག་སྡོམ་བྱས་ཡོད་པ་མ་ཟད། ཨོ་ལོམ་པིཀསི་རྩེད་འགྲན་གྱི་གནས་ཚུལ་བཀོད་སྤེལ་བྱེད་མཁན་གྱི་གསར་འགོད་པ་ཚོ་ཡང་གཞུང་ཕྱོགས་ཀྱི་གཏན་འབེབས་བྱས་པའི་ཁོར་ཡུག་ནང་བཅུག་ནས་འགྲོ་འོང་དམ་དྲག་བྱེད་བཞིན་པའི་ཁར། བོད་ཀྱི་ས་ཁུལ་ཚང་མའི་ནང་ལ་ཡང་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་སོགས་ཀྱི་སྐོར། འཆི་མེད་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས།།
གསར་འགོད་པ།འཆི་མེད།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎