བཙན་བྱོལ་སྒྲིག་འཛུགས་འདིར་རྒྱ་ནག་གཞུང་གིས་ཞེད་སྣང་ཤུགས་ཆེ་བྱེད་ཀྱི་ཡོད་པ།

2021-08-28
Share
བཙན་བྱོལ་སྒྲིག་འཛུགས་འདིར་རྒྱ་ནག་གཞུང་གིས་ཞེད་སྣང་ཤུགས་ཆེ་བྱེད་ཀྱི་ཡོད་པ། སྤེན་པ་ཚེ་རིང་མཆོག་གིས་ལས་ཁུར་དང་གསང་རྒྱའི་དམ་བཅའ་ཕུལ་བ།
བོད་མིའི་སྒྲིག་འཛུགས།

གནད་དོན་གླེང་མོལ་གྱི་ལས་རིམ་ནང་། རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བ་དྲིལ་བསྒྲགས་བྱེད་མཁན་གོ་ལའི་དུས་བབ་བརྒྱུད་ལམ་ཐོག་སྤེལ་བའི་རྩོམ་ཡིག་ཅིག་གི་ནང་། བོད་མིའི་བཙན་བྱོལ་སྒྲིག་འཛུགས་འདིར་རྒྱ་ནག་གཞུང་གིས་ཞེད་སྣང་དང་འཁོན་འཛིན་སྡང་ཟུག་ཤུགས་ཆེ་བྱེད་ཀྱི་ཡོད་པའི་རྣམ་པ་གསལ་པོ་ཐོན་གྱི་ཡོད་པ་ཉམས་ཞིབ་པ་ཚོས་གསུངས་ཀྱི་ཡོད་ཅིང་། དབྱིན་ཇིའི་ཨོཀསི་ཕོརཌི་གཙུག་ལག་སློབ་ཆེན་ནང་འབུམ་རམས་པའི་སློབ་གཉེར་བ་སྒྲ་རིགས་ཐོགས་མེད་ལགས་ཀྱིས་བོད་མིའི་བཙན་བྱོལ་སྒྲིག་འཛུགས་འདི་མང་གཙོའི་ལམ་ལུགས་ཐོག་བསྐྱོད་མཁན་ཡིན་པས། བཙན་བྱོལ་མང་གཙོའི་སྒྲིག་འཛུགས་འདིའི་འོག་ལ་མང་ཚོགས་ཁྲོད་དུ་ལྟ་བ་དང་བསམ་ཚུལ་མི་མཐུན་པའི་བར་ཁྱད་ཀྱི་རྩོད་གཞི་ཡོང་གི་ཡོད་པ་འདི་ནི་རྒྱ་ནག་གཞུང་གིས་བརྗོད་པ་ལྟར་མིན་པར་བོད་མིའི་སྒྲིག་འཛུགས་འདི་མ་འོངས་སྲ་བརྟན་ཡོང་བའི་རྨང་གཞི་ཆགས་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་གནས་ཉམས་ཞིབ་པ་འཇམ་དཔལ་སྨོན་ལམ་ལགས་དང་། ལོ་རྒྱུས་སློབ་དཔོན་གཉན་ཐར་ལགས། ཆབ་སྲིད་གནད་དོན་དབྱེ་ཞིབ་པ་སྒྲ་རིགས་ཐོགས་མེད་ལགས་བཅས་དང་ལྷན་གླེང་མོལ་ཞུས་པ་ཞིག་གསན་རོགས་ཞུ།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།