དྲུག་བཞིའི་དོན་རྐྱེན།
2024.06.03
ཕྱི་ཟླ་ ༦ ཚེས་ ༤ ཉིན་མོར་རྒྱ་ནག་ནང་དུ་དམངས་གཙོའི་ལས་འགུལ་བ་དང་དེའི་ནང་གཙོ་བོ་གཞོན་སྐྱེས་མི་རབས་ཁྲི་ཚོ་མང་པོར་དྲག་གནོན་དང་ལས་འགུལ་བ་དམར་གསོད་བཏང་པའི་རྒྱ་ནག་གི་ཟིན་ཐོར་འཁོད་པའི་དུས་དྲན་ ༣༥ པ་འཁེལ་ཡོད་ཅིང་། ཨ་རི་སོགས་རང་དབང་ལུང་པའི་ནང་ད་ལྟའང་རྣམ་པ་འདྲ་མིན་གྱི་སྒོ་ནས་སྲུང་བརྩི་ཞུ་བཞིན་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། གནམ་བདེ་སྒོ་མོ་ཆེའི་ཐང་གི་མི་གསོད་ཁྲག་སྦྱོར་ཆེ་བའི་གནད་དོན་ཐད་དཔྱད་གཞིའི་སྐྱར་ཞིབ་ཞུ་སླད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པའི་ལས་རིམ་འདི་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།