རྒྱ་ནག་གི་ངལ་རྩོལ་ཁྲིམས་སྲོལ་དང་ངལ་རྩོལ་གན་རྒྱ་ཁྲིམས་སྲོལ་གྱི་ངོ་བོ།


2018-05-04
Share
རྒྱ་ནག་གི་ངལ་རྩོལ་ཁྲིམས་སྲོལ་དང་ངལ་རྩོལ་གན་རྒྱ་ཁྲིམས་སྲོལ་གྱི་ངོ་བོ། ཁྲིམས་གླེང་དྲྭ་རྒྱ་གཙོ་སྒྲུབ་མཁན་ཁྲིམས་ལུགས་ཆེད་མཁས་པ་སྐུ་ཞབས་སྒྲོལ་མ་སྐྱབས་ལགས།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌།

༄༅།། ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་ལེ་ཚན་ནང་དུ།   ༥.༡ རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་དང་སྟབས་བསྟུན་ནས། རྒྱ་ནག་གི་ངལ་རྩོལ་ཁྲིམས་སྲོལ་དང་ངལ་རྩོལ་གན་རྒྱ་ཁྲིམས་སྲོལ་གྱི་ངོ་བོ་སྐོར་ངོ་སྤྲོད་དང་། ཁྲིམས་སྲོལ་དེ་དག་གིས་དོན་དམ་པས་ངལ་རྩོལ་ལས་བཟོ་བའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད་མེད། ནམ་རྒྱུན་རྒྱ་ནག་སྤྱི་ཚོགས་ནང་ངལ་རྩོལ་ཁྲིམས་སྲོལ་དང་འགལ་བའི་རིགས་མང་པོ་ཞིག་བྱུང་དང་འབྱུང་གིན་པའི་རྒྱུ་རྐྱེན། དེ་བཞིན་རྒྱ་ནག་ནང་ལོགས་སུ་ལས་དོན་སྒྲུབ་ཀྱིན་པའི་བོད་རིགས་ཚོར་ལས་ཀའི་ཁྲོད་གླ་ཕོགས་ནར་འགྱངས་དང་། མི་རིགས་དབྱེ་འབྱེད་སོགས་ཀྱི་གནད་དོན་ལ་ཐུག་ཚེ་གདོང་ལེན་ཇི་ལྟར་བྱེད་དགོས་པ་སོགས་པའི་ཐད། ཁྲིམས་ལུགས་ཆེད་མཁས་པ་སྐུ་ཞབས་སྒྲོལ་མ་སྐྱབས་ལགས་དང་ལྷན་དུ། ལས་ཚན་གཙོ་སྐྱོང་བ་སྟག་ལྷ་རྒྱལ་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ༎
གསར་འགོད་པ་སྟག་ལྷ་རྒྱལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།