གློག་བརྙན་འཁྲབ་སྟོན་པ་ཀྲང་ཐི་ལེན་གྱི་ཁྲི་འདོན།


2015.12.25
ཀྲང་ཐེ་ལིན།༼གཡོན་༽འུ་རྡཱ་རུང་ངམ་པད་མ་འོད་ཟེར།༼གཡས་༽
youtube

༄༅།  །ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་ལེ་ཚན་ནང་།   རྒྱ་རིགས་ཚོང་པ་བོའུ་ཏ་རོང་ངམ་པདྨ་འོད་གསལ་ཟེར་བས་ཧོང་ཀོང་དུ་རྒྱ་རིགས་གློག་བརྙན་འཁྲབ་སྟོན་པ་ཀྲང་ཐི་ལེན “ཁྲི་འདོན”ཟེར་བའི་དགོད་བྲོ་བའི་དོན་རྐྱེན་དེ་དང་འབྲེལ་ནས་དེང་སང་གི་བླ་རྫུན་བྱུང་ལུགས་འབྱུང་སྟངས་དང་། དེའི་རྒྱབ་ལྗོངས། དེའི་ཤུགས་རྐྱེན། དེའི་དམིགས་ཡུལ། དེ་མིན་རྒྱ་ནག་གི་དཔོན་རིགས་ཡེ་ཞོ་བུན་དང་ཀྲུའུ་ཝེ་ཆོན་སོགས་ཀྱིས་བོད་དོན་ཁ་རུ་ཁྱེར་ན་བོད་ཁུལ་དུ་མུ་ནས་མུ་རུ་འགལ་བ་བཟོས་དང་བཟོ་བཞིན་པའི་ལོག་སྤྱོད་དང་། དེ་ བཞིན༼བོད་བརྒྱུད་ནང་བསྟན་ཆོས་ལུགས་སྤྲུལ་སྐུ་ངོས་འཛིན་དོ་དམ་བྱེད་ཐབས༽ཟེར་བ་གཏན་འབེབས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྤྲུལ་སྐུའི་ལམ་སྲོལ་དེ་སྒེར་གྱི་ཚོང་རྫས་སུ་བཏང་སྟེ། དེ་རིང་སྐུ་སྤྲུལ་ངོས་འཛིན་དེ་ཁོང་ཚོའི་ཁེ་ཕན་ལེན་སའི་རུལ་སུངས་ཀྱི་ཞིང་ས་ཆེན་པོར་་གྱུར་ཡོད་པ་ལ་སོགས་པའི་ཐད་འབྲེལ་ཡོད་མི་སྣ་དང་མཉམ་དུ་དེའི་སྐོར་ལ་བགྲོ་གླེང་བྱེད་རྒྱུ་ཡིན།  དེ་རིང་གི་གདན་ཞུ་སྐུ་མགྲོན་རྣམ་ནི།  རྗེ་སྐུ་འབུམ་དགོན་པའི་མཁན་པོ་དང་། ད་ལྟ་ཨ་རིའི་ཨེན་ཌི་ཡ་ན་མངའ་སྡེ་རུ་ཡོད་པའི་བོད་སོག་རིག་གཞུང་ལྟེ་གནས་ཁང་དང་། བྱེས་ཀྱི་སྐུ་འབུམ་བྱམས་བརྩེ་གླིང་གི་འགན་འཛིན་གཅིག་ལྕོགས་སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་མཆོག་དང། སྐུ་སྒེར་ཡིག་ཚང་གི་རྒྱ་ཡིག་སྡེ་ཚན་གྱི་འགན་འཛིན་ཟུར་བ་འཇམ་དབྱངས་རྡོ་རྗེ་ལགས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་སྐུ་ཞབས་ཚེ་རིང་རྒྱལ་ལགས་བཅས་ཡིན།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎