རྒྱ་གར་གྱི་ས་མཚམས་སུ་རྒྱ་ནག་གིས་གྲོང་གསེབ་གསར་རྒྱག

2021-01-23
Share
རྒྱ་གར་གྱི་ས་མཚམས་སུ་རྒྱ་ནག་གིས་གྲོང་གསེབ་གསར་རྒྱག རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་ས་མཚམས་སུ་རྒྱ་ནག་གིས་གྲོང་གསེབ་གསར་རྒྱག་ལ་མོན་ཏ་ཝང་གི་མི་མང་ཚོས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
པལེ་ནེཊ་ལེབ།

ཉེ་ལམ་བོད་དང་ས་འབྲེལ་ཆགས་པའི་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་ཁུལ་གྱི་རྩ་རི་ལུང་གཤོངས་ཀྱི་ཉེ་འཁྲིས་སུ་རྒྱ་ནག་གཞུང་གིས་ཁང་པ་བརྒྱ་དང་གཅིག་ཡོད་པའི་གྲོང་གསེབ་ཤིག་གསར་རྒྱག་བྱས་ཡོད་པའི་གནས་ཚུལ་ཐོན་མ་ཐག་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་དང་འབྲེལ་ཡོད་མི་སྣ་ཚོས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བསྟུན་མར་བྱས་པའི་རྗེས། ཕྱི་ཟླ་༡ཚེས་༢༣ཉིན་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་མོན་ཏ་ཝང་རྫོང་ནང་མི་མང་ཚོས་རྒྱ་ནག་ལ་ངོ་རྒོལ་རང་བཞིན་གྱི་ལས་འགུལ་ཞིག་སྤེལ་ཏེ་རྒྱ་ནག་གི་ང་ཚོའི་ས་ཆ་བཙན་བཟུང་བྱས་པར་ངོ་རྒོལ་ཐག་ཅིག་ཏུ་ཡོད་ཅེས་བརྗོད་ཚིག་འདྲ་མིན་འོག་ངོ་རྒོལ་བྱས་ཡོད་སྐོར་འདི་གའི་གསར་འགོད་པ་བློ་བཟང་དགེ་ལེགས་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས།།

གསར་འགོད་པ་བློ་བཟང་དགེ་ལེགས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།