ཡུན་རིང་གི་ཐབས་བྱུས་དང་རྒྱ་ནག་ཕྱོགས་ནས་རྒྱ་གར་ལ་ཕྱི་འབྲེལ་ཇི་ལྟར་གནང་ཡོད་དམ།

2021.08.24
ཡུན་རིང་གི་ཐབས་བྱུས་དང་རྒྱ་ནག་ཕྱོགས་ནས་རྒྱ་གར་ལ་ཕྱི་འབྲེལ་ཇི་ལྟར་གནང་ཡོད་དམ། ཝི་ཇེ་གོ་ཀེལ་ལགས་ཀྱིས་བརྩམས་པའི་དེབ།
པེ་གུའིན་དཔེ་སྐྲུན་ཁང་།

ལོ་མང་རྒྱ་ནག་ལྷན་དུ་ཕྱི་འབྲེལ་བྱས་པའི་མྱོང་ཚོར་གཞིགས་ན་རྒྱ་ནག་གི་དགོས་འདོན་གཙོ་བོ་ཞིག་ནི་རྒྱལ་སྤྱིའི་མང་ཚོགས་ནས་རྒྱ་གར་ལ་ལྟ་ཚུལ་དེ་མགོ་འཐོམ་དགོས་བཟོ་རྒྱུ་དེ་ཡིན་པ་རྒྱ་གར་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་Vijay Gokhale ལགས་ཀྱིས་བརྗོད་འདུག

 ཉེ་ལམ་རྒྱ་གར་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་Vijay Gokhale ལགས་ཀྱི་དཔེ་དེབ་གསར་པ་ The Long Game: How the Chinese Negotiate with India ཡུན་རིང་གི་ཐབས་བྱུས་དང་རྒྱ་ནག་ཕྱོགས་ནས་རྒྱ་གར་ལ་ཕྱི་འབྲེལ་ཇི་ལྟར་གནང་ཡོད་དམ་ཞེས་པའི་དཔེ་དེབ་ཤིག་འགྲེམ་སྤེལ་གནང་ཡོད་པ0་འདིའི་ནང་རྒྱ་ནག་གཞུང་གིས་རྒྱུན་དུ་རྒྱ་གར་ལྷན་དུ་ཕྱི་དྲིལ་བྱེད་པའི་སྐབས་ཀྱི་གནས་སྟངས་ནི་འཁྲབ་སྟོན་རང་བཞིན་ཅན་ཞིག་ཡིན་པ་གསུངས་ཤིང་། ལོ་མང་རྒྱ་ནག་ལྷན་དུ་ཕྱི་འབྲེལ་བྱས་པའི་མྱོང་ཚོར་གཞིགས་ན་རྒྱ་ནག་གི་དགོས་འདོན་གཙོ་བོ་ཞིག་ནི་རྒྱལ་སྤྱིའི་མང་ཚོགས་ནས་རྒྱ་གར་ལ་ལྟ་ཚུལ་དེ་མགོ་འཐོམ་དགོས་བཟོ་རྒྱུ་དེ་ཡིན་པ་བརྗོད་འདུག་ཅིང་།  ཁོང་གི་དཔེ་དེབ་དེ་བརྩམས་དགོས་པའི་དམིགས་ཡུལ་ནི། འདས་པའི་ལོ་རྒྱུས་ནང་རྒྱ་དཀར་ནག་གཉིས་ཀྱི་དབར་ཕྱི་འབྲེལ་ཇི་ལྟར་གནང་ཡོད་པའི་སྐོར་གྱི་དངོས་ཡོད་གནས་སྟངས་དེ་གསལ་སྟོན་བྱེད་རྒྱུ་དེ་ཡིན་པ་འགྲེལ་བརྗོད་བྱས་འདུག་པ་དང་། རྒྱ་དཀར་ནག་གཉིས་ཀྱི་ཕྱི་འབྲེལ་གྱི་ལོ་རྒྱུས་ནང་ནུབ་ཕྱོགས་པའི་ཕྱི་འབྲེལ་གནང་སྟངས་ཀྱི་ལོ་རྒྱུས་དང་མ་མཐུན་པའི་གནད་དོན་མང་པོ་ཞིག་ཡོད་པ་སྐུ་ཞབས་Vijay Gokhale ལགས་ཀྱིས་བརྗོད་འདུག

ཞིབ་ཕྲའི་གནས་ཚུལ་བློ་བཟང་དགེ་ལེགས་ལགས་ཀྱིས་ཕྱོགས་བསྡུས་ཞུས་པའི་གནས་ཚུལ་ལ་གསན་རོགས།

གསར་འགོད་པ། བློ་བཟང་དགེ་ལེགས།

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཧི་མ་ལ་ཡའི་ཁུལ་དུ་གནས་སྡོད་ཡུལ་མི་ཚོས་ནང་པ་སངས་རྒྱས་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་བོད་ཡིག་ལ་སློབ་གཉེར་གནང་གལ་ཆེ་བ་ཡིན་ཞེས། ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་གསུངས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎