བོད་དོན་དང་བོད་མི་ཚོར་ཕན་རོགས་གང་དྲག་ཞུ་རྒྱུ་ཡིན།


2015.03.24
རྒྱ་གར་དབུས་གཞུང་གི་ནང་སྲིད་བཀའ་བློན་བོད་མིའི་གཞིས་ཆགས་སུ་ཕེབས་པ། རྒྱ་གར་དབུས་གཞུང་གི་ནང་སྲིད་བཀའ་བློན་གཞོན་པ་དང་དབུས་གཞུང་ནང་སྲིད་ཟུང་དྲུང་རྣམ་གཉིས་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་བོད་མིའི་གཞིས་ཆགས་སུ་འཚམས་འདྲི་གཟིགས་སྐོར་གནང་བ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། པདྨ་དངོས་གྲུབ།

རྒྱ་གར་གྱི་ནང་སྲིད་བློན་ཆེན་གཞོན་པ་དང་། ནང་སྲིད་ཟུང་དྲུང་རྣམ་གཉིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་ཕེབས་པ།
དེ་ཡང་རྒྱ་གར་གྱི་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ཀི་རན་རི་ཇུ་དང་། ནང་སྲིད་ཟུང་དྲུང་KK Pathakརྣམ་གཉིས་ཕྱི་ཟླ་༣ཚེས་༢༣ གཟའ་ཟླ་བའི་ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་འཚམས་གཟིགས་དང་། མང་ཚོགས་ལ་བཀའ་སློབ་གནང་ཞིང་། རྒྱ་གར་གྱི་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་རི་ཇུ་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་གནང་པ་ཁག་བོད་མི་ཚོས་འགྲུབ་དགོས་གལ་ཆེ་བ་དང་། ཡ་རབས་སྤྱོད་བཟང་མི་ཉམས་པ་དགོས་གལ་ཆེ་བ་སོགས་གསུངས་ཡོད་པ་རེད།
སྐུ་ཞབས་རི་ཇུ་མཆོག་ནི་མོན་གྱི་མི་ཁོངས་ཤིག་ཡིན་པ་དང་། ཁོང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ནང་དགའ་མོས་ཆེ་ཤོས་ཞུ་ཡུལ་གྱི་སྐྱེས་ཆེན་ཞིག་ཡིན་པར་མ་ཟད། བོད་མི་ཚོ་དང་ཧི་མ་ལ་ཡའི་མི་རིགས་ཚོར་ཐུགས་བརྩེ་བ་དང་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་ཆེན་པོས་སྐྱོང་གནང་བཞིན་ཡོད་པ་གསུངས་འདུག
ཁོང་དང་ལྷན་དུ་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་ནང་སྲིད་བློན་ཆེན་རྒྱ་རི་སྒྲོལ་མ་ལགས་ཀྱང་ཡོད་པ་དང་། དེ་བཞིན་ས་གནས་རྒྱ་གར་གྱི་དཔོན་རིགས་མང་དག་ཞིག་ཀྱང་ཕེབས་ཡོད་འདུག
རྒྱ་གར་གྱི་ནང་སྲིད་བློན་ཆེན་གཞོན་པའི་སྐུ་ངོས་ནས་བོད་དོན་དང་བོད་མི་ཚོར་ཕན་རོགས་གང་དྲག་ཞུ་རྒྱུའི་ཞལ་བཞེས་གནང་བ་མ་ཟད། རྒྱ་གར་དབུས་གཞུང་གིས་བཙན་བྱོལ་བོད་མི་ཚོར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་ཇུས་ཕྱི་ལོ་༢༠༡༤་ཞེས་པ་དེ་ནི་སྤྱི་ཡོངས་ཀྱི་སྔོན་འགྲོའི་སྲིད་ཇུས་ཡིན་པ་དང་། རིམ་པས་བོད་མིའི་བདེ་རྩར་དམིགས་པའི་སྲིད་ཇུས་རིམ་པ་གཏན་འབེབས་གནང་འཆར་ཡོད་པ་གསུངས་འདུག
རྒྱ་གར་ནང་སྲིད་བློན་ཆེན་གཞོན་པས་བཀའ་སློབ་གསུང་བཤད་གནང་སྐབས། རྒྱ་གར་ནང་གནས་སྡོད་བོད་མི་སྤྱི་དང་ལྷག་པར་དུ་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་བོད་མི་ཚོས་བོད་ཀྱི་སྐད་དང་རིག་གཞུང་། ཆོས་ལུགས་དང་གོམས་གཤིས་མི་ཉམས་རྒྱུན་འཛིན་ཐད་འབད་པ་ཆེན་པོ་གནང་པར་བསྔགས་བརྗོད་གནང་འདུག་ལ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཀྱིས་བོད་མིའི་བདེ་དོན་སླད་ངལ་བ་ཁྱད་སད་ཀྱི་ཐོག་ནས་ཕྱག་ལས་གནང་བཞིན་པར་ཡང་བསྔགས་བརྗོད་གནང་འདུག

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

ཞིབ་ཕྲ་འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་ཐུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་སྤྱིའི་ཆ་ནས་ཧ་ཅང་ཡག་པོ་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས་བྱུང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎