རྒྱ་གར་མངའ་སྡེ་ཨུ་ཏར་པྲ་དེཤ་ཡི་སློབ་གྲྭ་ནང་བདེ་སྐྱིད་བསྐྲུན་ཐབས་ཞེས་པའི་བསླབ་གཞི་དབུ་འཛུགས་གནང་རྒྱུ།

2021.09.08
རྒྱ་གར་མངའ་སྡེ་ཨུ་ཏར་པྲ་དེཤ་ཡི་སློབ་གྲྭ་ནང་བདེ་སྐྱིད་བསྐྲུན་ཐབས་ཞེས་པའི་བསླབ་གཞི་དབུ་འཛུགས་གནང་རྒྱུ། ༢༠༡༨། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བདེ་སྐྱིད་སྐྲུན་ཐབས་ཞེས་པའི་རྒྱ་གར་གཞུང་གི་སློབ་དེབ་དབུ་འབྱེད་མཛད་གནང་སྐབས།
དགའ་ལྡན་ཕོ་བྲང་།

ཕྱི་ལོ་ ༢༠༡༨ ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་བཀའ་དྲིན་བསྐྱངས་ཏེ་Happiness Curriculum ཞེས་བདེ་སྐྱིད་སྐྲུན་ཐབས་ཀྱི་འགྲོ་བ་མིའི་བཟང་སྤྱོད་དང་འབྲེལ་བའི་བསླབ་གཞི་གསར་པ་ཞིག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་ཡོད་པའི་གཞུང་གི་སློབ་གྲྭ་ཆིག་སྟོང་ལྷག་གི་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པ་བར་གྱི་སློབ་མ་ཚོར་སློབ་ཁྲིད་གནང་བཞིན་ཡོད་པས་ཉེ་ཆར་རྒྱ་གར་ Uttar Pradesh མངའ་སྡེ་ནང་གི་སློབ་གྲྭ་ཁག་ཏུ་ཡང་འཛིན་རིམ་དང་པོ་ནས་ལྔ་པ་བར་གྱི་སློབ་མ་ཚོར་བདེ་སྐྱིད་སྐྲུན་ཐབས་ཞེས་པའི་བསླབ་གཞི་དེ་ཕྱག་བསྟར་གནང་འཆར་ཡོད་པའི་སྐོར་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།

གསར་འགོད་པ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎