ཝུ་ཧཱན་ནད་དུག་བརྟག་དཔྱད་ཁང་ནས་ཏོག་དབྱིབས་ནད་དུ་ཕྱིར་ཤོར་སྲིད་པའི་དོགས་པ།

2021-06-09
Share
ཝུ་ཧཱན་ནད་དུག་བརྟག་དཔྱད་ཁང་ནས་ཏོག་དབྱིབས་ནད་དུ་ཕྱིར་ཤོར་སྲིད་པའི་དོགས་པ། ཀོ་བྷེ་༡༩་ཏོག་དབྱིབས་ནད་ཡམས་དེ་ཐོག་མར་རྒྱ་ནག་གི་ཝུ་ཧཱན་ནད་དུག་བརྟག་དཔྱད་ཁང་ནས་ཕྱི་ལ་ཤོར་སོང་བ་ཡིན་སྲིད་པའི་དོགས་པ་བྱེད་ཀྱི་ཡོད་པར་རྒྱུ་མཚན་ཡོད་སྲིད།
ཨེ་ཨེཕ་པི།

དེང་སྐབས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནང་གོ་ལའི་ཁྱོན་དུ་ཁྱབ་བཞིན་པའི་ཀོ་བྷེ་༡༩་ཏོག་དབྱིབས་ནད་ཡམས་དེ་ཐོག་མར་རྒྱ་ནག་གི་ཝུ་ཧཱན་ནད་དུག་བརྟག་དཔྱད་ཁང་ནས་ཕྱི་ལ་ཤོར་སོང་བ་ཡིན་སྲིད་པའི་དོགས་པ་བྱེད་ཀྱི་ཡོད་པར་རྒྱུ་མཚན་ཡོད་སྲིད་ཅེས་གླེང་སློང་ཆེན་པོ་གནང་བའི་དུས་ཤིག་རེད་འདུག།

དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་འདིའི་ནང་རྒྱལ་སྤྱིའི་བརྒྱུད་ལམ་ཆེ་ཁག་ནང་ནད་འབུའི་འབྱུང་ཁུངས་སྐོར་དོ་སྣང་གསར་པ་ཞིག་སླེབས་པའི་གནད་དོན་ཁག་དང་།ནད་འབུའི་འབྱུང་ཁུངས་དང་འབྲེལ་བའི་ཞིབ་འཇུག་སྙན་ཐོག་བཏོན་པ་བཅས་དང་།ཡང་ཨ་རིའི་གཙོས་པའི་གཞུང་འབྲེལ་གྱིས་ཏོག་དབྱིབས་ནད་ཡམས་དེ་ཡང་ཐོག་མ་རྒྱ་ནག་ཝུ་ཧཱན་ནད་ཡམས་བརྟག་དཔྱད་ཁང་དུ་མིས་བཟོས་ནས་ཕྱི་ལ་ཤོར་ཡོད་པའི་དོགས་པ་ཆེ་ཤུགས་ཆེ་རུ་ཕྱིན་པའི་རྒྱུ་མཚན་གཙོ་བོ་ཁག་གང་ཡིན་མིན་དང་།གལ་སྲིད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཏོག་དབྱིབས་ནད་ཡམས་དེ་ཝུ་ཧཱན་བརྟག་དཔྱད་ཁང་ནས་ཕྱི་ལ་ཤོར་བ་ཁུངས་སྐྱེལ་དཔང་རྟགས་བྱེད་ཐུབ་ཚེ་དེའི་རྒྱ་ནག་གི་རྒྱལ་སྤྱིའི་མཚན་སྙན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་ཡར་ལེན་ཇི་ལྟར་སྤྲོད་སྲིད་པའི་སྐོར་ཨ་རིའི་Rhode Islandགཙུག་ལག་སློབ་གྲའི་ནང་འཚེ་མེད་ཞི་བདེའི་ལྟེ་གནས་ཁང་གི་ནང་གི་ཕྱག་ལས་གནང་བཞིན་པ་འབུམ་རམས་པ་ཐུབ་བསྟན་བསྟན་དར་ལགས་དང།ཝ་ཇི་ནའི་གཙུག་ལག་སློབ་ཆེན་གྱི་རང་དབང་ཅན་གྱི་བོད་རྒྱ་སྐབས་དོན་དབྱེ་ཞིབ་པ་བསྟན་འཛིན་ཐོས་བསམ་ལགས་རྣམ་པ་གཉིས་དང་ལྷན་དུ་་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བགྲོ་གླེང་བྱས་པ་གསན་རོགས།།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།