ཞི་ཅིན་ཕིང་ལ་རྒྱ་ནག་སྤྱིའི་སྲིད་བྱུས་ཀྱི་ཐོག་ནས་ཐེ་ཚོམས།

2022.06.13
Share on WhatsApp
Share on WhatsApp
ཞི་ཅིན་ཕིང་ལ་རྒྱ་ནག་སྤྱིའི་སྲིད་བྱུས་ཀྱི་ཐོག་ནས་ཐེ་ཚོམས།
ཨེ་པི།

རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཚང་འཛོམས་ཀྱི་ཚོགས་ཆེན་ཐེངས་ ༢༠ པ་མ་ཚོགས་པའི་གོང་ཞི་ཅིན་ཕིང་ལ་རྒྱ་ནག་སྤྱིའི་སྲིད་བྱུས་ཀྱི་ཐོག་ནས་ཐེ་ཚོམས་དང་གདོང་ལེན་བྱ་དགོས་པའི་གནས་དོན་འགའ་བྱུང་ཡོད་ཅིང་།  ད་ལྟའི་ཆར་འདི་ལོའི་སྟོན་དུས་སུ་ཞི་ཅིན་ཕིང་གིས་སྲིད་འཛིན་ལས་ཡུན་གསུམ་པ་འཛིན་རྒྱུ་ངེས་པར་ངོས་འཛིན་བྱེད་བཞིན་པའི་དུས་འདིར།  ཞི་ཅིན་ཕིང་གིས་དམར་ཤོག་ཚོགས་པའི་ལྟ་གྲུབ་ཐོག་ལས་དོན་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ནམ།  ཡང་ན་ཞི་ཅིན་ཕིང་གིས་སོ་སོའི་བསམ་བློ་དང་ལྟ་གྲུབ་འདི་དམར་ཤོག་ཚོགས་པའི་ཚོགས་ཆེན་ ༢༠ པའི་གྲོས་གཞི་དང་ཐག་གཅོད་ལས་བརྒལ་བ་མངོན་གསལ་ཅན་གྱི་དབང་ཆ་ཆེ་བ་འཛིན་སྲིད་དམ་ཞེས་པ་ནི་དྲི་བ་ཞིག་ཆགས་ཡོད།  ཐེངས་འདིའི་རྩོམ་སྒྲིག་པའི་གླེང་སྟེགས་ཀྱི་ལས་རིམ་ནང་།  བཀྲ་ཤིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་འདི་ཐད་དཔྱད་གཞིའི་གླེང་མོལ་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྲིད་སྐྱོང་ནས་རྒྱ་ནག་གཞུང་གིས་དུས་རབས་དང་མ་མཐུན་པའི་སྲིད་བྱུས་བཟུང་སྟེ་མང་ཚོགས་ལ་དཀའ་ངལ་སྤྲོད་བཞིན་པར་བློ་འཚབ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎