རྒྱ་གཞུང་གིས་བོད་མི་བདུན་གློད་བཀྲོལ་བཏང་ཡོད་པ།

རྒྱ་གཞུང་གིས་བོད་ཁམས་ཉག་ཆུ་རྫོང་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གློད་འགྲོལ་དགོས་པའི་ཞུ་འབུལ་གནང་མཁན་གྱི་བོད་མི་བདུན་གློད་བཀྲོལ།

2009-12-16
Share
བོད་ཁམས་ཉག་ཆུ་རྫོང་གི་འདྲ་པར།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲ་གནས།

གསར་འགྱུར་ལ་གསན་རོགས།

༄༅༎ཉེ་ཆར་བོད་ཁམས་ལི་ཐང་ཁུལ་དུ་སེར་སྐྱ་བོད་མི་འབོར་ཆེན་ཞིག་གིས་མ་སྐུལ་དང་བླངས་ཐོག་ནས།ཉག་ཆུ་རྫོང་གི་རྒྱ་གཞུང་ལས་ཁུངས་སུ་འདུ་འཛོམས་བྱས་ཏེ།ཞི་བའི་སྒོ་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་ཁྲིམས་བཅད་ལ་དྲང་བདེན་གྱི་བསྐྱར་ཞིབ་དགོས་པའི་ཞུ་འབུལ་གནང་སྐབས།རྒྱ་ནག་ཉེན་རྟོག་པ་དང་དམག་དཔུང་གིས་ཉེས་རྡུང་ཚད་མེད་དང་འཛིན་བཟུང་བཙོན་འཇུག་བྱས་རྗེས།ཟླ་འདིའི་ཕྱི་ཚེས་བཅུ་དྲུག་གི་ཉིན་བོད་མི་བདུན་གློད་བཀྲོལ་བཏང་ཡོད་པའི་སྐོར།བོད་ནས་ཁུངས་ལྡན་གྱི་གནས་ཚུལ་ངོ་སྤྲོད་གནང་བ་ཞིག་འདི་གའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས༎

 

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།