དམངས་གཙོ་ཚོགས་པའི་ཚོགས་ཆེན།

ཨ་རིའི་དམངས་གཙོ་ཚོགས་པའི་ཚོགས་ཆེན་གྱི་ཉིན་གསུམ་པའི་གསུང་བཤད་དང་མཛད་རིམ་སྐོར་གྱི་གནས་ཚུལ།

0:00 / 0:00

གསར་འགྱུར་ལ་གསན།

༄༅༎ཕྱི་ཟླ་བརྒྱད་པའི་ཚེས་ཉེར་བདུན་རེས་གཟའ་ལྷག་པའི་ཉིན་ཨ་རིའི་ནུབ་ཕྱོགས་གྲོང་ཁྱེར་ཌེན་ཝར་གྱི་ནང་ཨ་རིའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་མི་དངོས་སུ་འདེམས་བསྐོ་གནང་རྒྱུའི་ཚོགས་ཆེན་གྱི་ཉིན་གསུམ་པའི་ཐོག་སྲིད་འཛིན་ཟུར་པ་བིལ་ཁིལིན་ཊན་མཆོག་དང་། འདི་ལོའི་སྲིད་འཛིན་གྱི་ལས་རོགས་སུ་བསྐོ་བཞག་བྱུང་བ་ཨ་རིའི་གྲོས་ཚོགས་གོང་མིའི་ཚོགས་མི་སྐུ་ཞབས་ཇོ་སེཕ་བཡི་ཌེན་མཆོག་སོགས་ནས་གསུང་བཤད་གནང་བ་སོགས་ཀྱི་སྐོར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནས་ཆེད་གཏོང་གནང་བའི་གསར་འགོད་པ་བསོད་ནམས་ལྷ་མོ་ལགས་ནས་ངོ་སྤྲོད་གནང་བ་ཞིག་གསན་རོགས་གནང༌༎