བརྒྱད་པའི་བརྒྱད་ཉིན་འཛམ་གླིང་ཁྱོན་ཡོངས་སུ་ལས་འགུལ།

སྤྱི་ཟླ་བརྒྱད་པའི་ཚེས་༨ ཉིན་བོད་ནང་གི་ཛ་དྲག་གནས་སྟངས་དང་བསྟུན་འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་དུས་གཅིག་ལ་ལས་འགུལ་སྤེལ་རྒྱུ་ཡིན་པ་རེད།

2012.07.30

ཚེས་༢༩ རེས་གཟའ་ཉི་མའི་ཉིན་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། བོད་ནང་གི་བོད་མི་ཚོས་དཀའ་སྡུག་མྱོང་བཞིན་པར་གདུང་སེམས་ཉམས་བསྐྱེད་ཞུ་རྒྱུ་དང༌། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ན་ནི་ཕྱི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན། བཀའ་བློན་ཁྲི་པའི་མཛད་འཁུར་དངོས་སུ་བཞེས་ཏེ་ལོ་གཅིག་འཁོར་བའི་དུས་ཚེགས་སྲུང་བརྩི་ཞུ་རྒྱུའི་ཆེད་དུ། བཙན་བྱོལ་བོད་གཞུང་བཀའ་ཤག་གི་ངོས་ནས། ཕྱི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་འཛམ་གླིང་རང་དབང་གི་ལུང་པར་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོར། དུས་གཅིག་ལ་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་གནང་ཡོད་ལ། ད་དུང་བཀའ་ཤག་གིས། ཉིན་དེར་གུས་བཀུར་དང་གདུང་སེམས་ཉམས་བསྐྱེད་ཀྱི་རྣམ་པ་གཉིས་ཀར་མཚོན་ཐབས་ཀྱི་ལས་འགུལ་སྤེལ་བའི་སྐབས། ངེས་པར་དུ་བོད་ལུགས་ཕྱུ་པ་གྱོན་པ་དང༌། བདེན་ཚིག་སྨོན་ལམ་གཙོས་པའི་སྨོན་ལམ་གསུང་འདོན་གནང་དགོས་པ་མ་ཟད། ལས་འགུལ་གྱི་ངོ་བོ་ཡང་འཚེ་མེད་ཞི་བ་དང༌། རང་རང་སོ་སོ་གནས་ཡུལ་གྱི་རྒྱལ་ཁབ་སོ་སོའི་ཁྲིམས་དང་མཐུན་ཞིང༌། ཆེ་མཐོང་ལྡན་པའི་ཐོག་ནས་སྤེལ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།།

ཕྱི་ལོ་༢༠༠༩་ལོ་ནས་ད་བར་བོད་ནང་གི་བོད་མི་༤༤་ཡིས་རང་ལུས་མེར་སྲེག་ནས་རྒྱ་ནག་གཞུང་གིས་བོད་ཐོག་དྲག་གནོན་ཆེ་བའི་སྲིད་ཇུས་འཛིན་བཞིན་པར་ངོ་རྒོལ་གནང་ཡོད་ཅིང་།   དེང་དུས་ཀྱི་རྒྱལ་རབས་ལོ་རྒྱུས་ནང་རང་གི་རྒྱལ་ཁབ་ཀྱི་རང་དབང་རང་བཙན་གྱི་དོན་དུ་རང་ལུས་མེར་སྲེག་གཏོང་མཁན་མང་ཤོས་དེ་བོད་ནང་བྱུང་ཡོད་པའི་གནས་ཚུལ་ཡང་བཀོད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎