ལྷ་སར་མགྲོན་ཁང་གསར་རྒྱག་བྱེད་འཆར་ལ་ངོ་རྒོལ།


2013-11-07
Share
དབྱིན་ཡུལ་གྱི་World Travel Marketམདུན་ལྷ་སར་མགྲོན་ཁང་གསར་རྒྱག་བྱེད་འཆར་ལ་ངོ་རྒོལ་བྱེད་བཞིན་པ། ལྷ་སར་མགྲོན་ཁང་གསར་རྒྱག་བྱེད་འཆར་ལ་ངོ་རྒོལ།
པར། བོད་རང་དབང་ཚོགས་པ།

བོད་ཀྱི་རྒྱལ་ས་ལྷ་སའི་ནང་IHGཚན་པས་མགྲོན་ཁང་གསར་རྒྱག་བྱེད་རྒྱུའི་འཆར་གཞིར་བོད་རང་དབང་ཚོགས་པ་དང་སློབ་ཕྲུག་ཚོགས་པས་ངོ་རྒོལ་བྱས་འདུག

དེ་ཡང་InterContinental Hotels and Resorts ཞེས་བའི་ཚོང་དོན་ཚན་པས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་། ཁང་མིག་༡༠༠༠ ཙམ་ཡོད་པའི་རྒྱས་སྤྲོས་ཅན་གྱི་མགྲོན་ཁང་ཆེན་པོ་ཞིག་གསར་རྒྱག་བྱེད་རྒྱུའི་འཆར་གཞི་ཡོད་པ་དེར་ཚེས་༥ཉིན་བོད་རང་དབང་ཚོགས་པ་དང་། བོད་རང་དབང་སློབ་ཕྲུག་ཚོགས་པ་གཉིས་ནས་མཉམ་འབྲེལ་ཐོག་དབྱིན་ཇི་རྒྱལ་ས་ལོན་ཊོན་སོགས་རྒྱལ་ཁབ་ཁག་འདྲ་མིན་ནས་ས་ཁུལ་མི་འདྲ་བ་༢༠ཙམ་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།

བོད་ནང་ཁོག་ཡུག་ལ་གནོད་གཞིའི་ལས་གཞི་སྤྱི་དང་། བྱེ་བྲག་རྒྱལ་སྤྱིའི་མགྲོན་ཁང་ཆེ་ཁག་གསར་འཛུགས་བྱ་ཕྱོགས་ཐད་དེ་སྔ་ནས་བོད་མིའི་ཚོགས་སྡེ་འདྲ་མིན་གྱིས་ངོ་རྒོལ་སྣ་ཚོགས་ཤིག་སྤེལ་ཡོད་པ་མ་ཟད།  འཛམ་གླིང་དངུལ་ཁང་གིས་ལོ་བཅུ་ཙམ་གོངདུ་རྒྱ་མིས་བོད་མིའི་སྤྱི་ཚོགས་ལ་ཧ་ཅང་གནོད་ཚབས་ཆེ་བའི་ལས་འགུལ་ཤིག་ཕྱིར་བཤོལ་བྱ་དགོས་བྱུང་ཡོད་པ་རེད།    རྒྱལ་ཁབ་མང་དག་ཅིག་རྒྱ་ནག་གི་ཚོང་འབྲེལ་གྱི་གནོན་ཤུགས་འོག་ཚུད་ནས་རྒྱ་ནག་གི་དྲག་རྩུབ་ཀྱི་བྱ་སྤྱོད་རིགས་ལ་གཞན་དབང་སྟབས་བསྟུན་ཁོ་ན་བྱེད་བཞིན་པ་རེད།  དེ་འདྲའི་གནོན་ཤུགས་ལ་མི་འཛེམས་པར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་ཚུལ་མིན་བྱ་སྤྱོད་ལ་དུས་དང་རྣམ་ཀུན་ཏུ་ངོ་རྒོལ་དང་རྔམ་སྟོ་ཁྲོམ་སྐོར་བསྟུད་མར་བྱེད་མཁན་ནི།   བོད་རང་དབང་ཚོགས་པ་དང་།  བོད་རང་བཙན་སློབ་ཕྲུག་ཚོགས་པས་སྣེ་ཁྲིད་པའི་ལས་འགུལ་རིགས་ཡིན་པ་རེད།  ཉེ་དུས་ཤིག་ནས་དེ་འདྲའི་ངོ་རྒོལ་གྱི་ལས་འགུལ་འགྲོ་བཞིན་པ་ནི་ ཨིནྚར་ཀོནྜི་ནེལྚལ་ (InterContinental Hotels Group) ཞེས་པའི་མགྲོན་ཁང་གིས་ལོ་རྗེས་མ་བོད་ཀྱི་རྒྱལ་ས་ལྷ་སར་ཁང་མིག་ཆིག་སྟོང་བྱས་པའི་རྒྱས་སྤྲོས་ཅན་གྱི་མགྲོན་ཁང་གསར་རྒྱག་གི་འཆར་གཞི་ཡོད་པ་དེར།   འདི་ཚེས་ལྔ་ཉིན་བོད་རང་དབང་ངམ་ཕི་རི་ ཊི་བྭེ་ཊི་(Free Tibet) དང་ བོད་རང་བཙན་སློབ་ཕྲུགཚོགས་པ་ (Students for a Free Tibet)ཐོུང་གིས་སྣེ་ཁྲིད་པའི་ངོ་རྒོལ་ཞིག་ཨིན་ཡུལ་གྱི་རྒྱལ་ས་ལོནྜོ་ནང་འཛམ་གླིང་འགྲུལ་བཞུད་ཚོང་ལས་World Travel Market) གྱི་འགྲེམས་སྟོན་སྐབས་ངོ་རྒོལ་བྱས་ཡོད་འདུག།   ཐེངས་འདིའི་ལས་འགུལ་འདི་བཞིན་ཨིནྚར་ཀོནྜི་ནེལྚལ་གྱི་ཟླ་བ་གསུམ་རེའི་མཚམས་ཀྱི་གྲུབ་འབྲས་སྙན་ཐོ་བཏོན་པ་དང་སྟབས་བསྟུན་ནས་སྤེལ་བ་ཞིག་ཡིན་ཡང་ལས་འགུལ་འདི་ཐོག་མར་འདི་ལོ་ཕྱི་ཟླ་ལྔ་པའི་ནང་འགོ་འཛུགས་བྱས་འདུག།  ལས་འགུལ་དེའི་རིགས་ལོནྜོན་ཙམ་མ་ཡིན་པར་ པེ་རི་སེ་དང༌། བྭརླིན།  སིདྷ་ཎི།  མེཀྶིཀོ་གྲོང་ཁྱེར་དང་ ལྡི་ལི་སོགས་རྒྱལ་ཁབ་བཅོ་ལྔ་ལྷག་ནང་སྤེལ་ཡོད་རེད། གོང་ཞུས་དབྱིན་ཡུལ་གྱི་ཚོང་འབྲེལ་འགྲེམས་སྟོན་ཁང་དུ་བོད་དོན་དོན་གཉེར་བ་ཁག་ཅིག་གིས་རྒྱ་མི་བོད་ནས་ཕྱིར་ལོག་དགོས་ (China Out of China) ཞེས་འཁོདཔའི་ཁྲེད་དར་འཕྱར་ནས་ངོ་རྒོལ་བྱེད་སྐབས་སྐར་མ་བཅུ་ཙམ་ནང་ཚུད་ཉེན་སྲུང་མི་སྣས་ཁྲེད་དར་ཕབ་པ་མ་ཟད།   ངོ་རྒོལ་བ་ཁ་ཤས་ལ་ཉེན་རྡུང་ཡང་བཏང་ཡོད་འདུག།     ཨིནྚར་ཀོནྜི་ནེལྚལ་གྱིས་བོད་ཀྱི་རྒྱལ་ས་ལྷ་སར་གསར་བསྐྲུན་བྱ་རྒྱུའི་མགྲོན་ཁང་གི་མིང་ལ་ལྷ་ཡུལ་ལྷ་ས་ Lhasa Paradise ཞེས་མིང་བཏགས་པ་དེ་ནི་འོས་ཤིང་འཚམ་པ་ཞིག་རྩ་བ་ནས་མ་ཡིན་པ་མ་ཟད།   རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཡོངས་རྫོགས་བརྡལ་བཤིགས་ཀྱིས་བོད་མི་ཚོར་གདུག་རྩུབ་དྲག་གནོན་གྱི་དམ་བསྒྲགས་ཧ་ཅང་ཆེན་པོ་བྱེད་བཞིན་པའི་ཡ་ང་བའི་གནས་སྟངས་ལ་བསམ་ཤེས་རྩ་བ་ནས་མེད་པའི་བྱ་སྤྱོད་ཡིན་པའི་ངོ་རྒོལ་སྐྱོན་བརྗོད་བྱ་མུས་ཡིན་འདུག

ཚོགས་པ་དེའི་འགན་འཛིན་Eleanor Rosengren ནས་བརྗོད་དོན། ཚོང་དོན་ཚན་པ་དེས་བོད་འདི་འཛམ་གླིང་ལ་བཙོང་རྒྱུའི་དམིགས་ཡུལ་འཛིན་གྱི་ཡོད་པ་རེད། ལྷ་ས་ནི་ཕྱུག་བདག་ཚོས་སྤྲོ་སྐྱིད་གཏོང་ཡུལ་མ་ཡིན་པར་རྒྱ་ནག་གི་བཙན་གནོན་འོག་སྲུང་སྐྱོབ་དམ་དྲག་ཤུགས་ཆེ་བྱེད་ཡུལ་གྱི་ས་ཆ་ཞིག་རེད། ང་ཚོས་ཚན་པ་དེར་བློ་འཚབ་ཡོད་པ་གསལ་པོ་བཤད་ཀྱང་དེར་ཡ་ལན་མེད་པར་ཚོང་གི་བསམ་བློ་གཅིག་པུ་བཏང་ནས་མ་འོངས་པར་ས་གནས་དེར་དཀའ་ངལ་འཕྲད་རྒྱུའི་ཉེན་ཁ་ཡོད་པར་བསམ་ཤེས་བྱེད་ཀྱི་མེད་སྟབས། ང་ཚོས་རྒྱལ་སྤྱིའི་སྟེང་གནས་སྟངས་དེ་གསལ་པོ་ངོ་སྤྲོད་ཆེད་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་ཟེར།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།