སྲིད་སྐྱོང་མཆོག་གིས་རང་སྐྱོང་ཐོབ་པར་ཐུགས་རེ།


2013-11-19
Share
སྲིད་སྐྱོང་དང་ཊེ་རེན་ཊོན་རང་སྐྱོང་མངའ་སྡེའི་སྲིད་འཛིན་་Bruno Doringattiརྣམ་གཉིས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨི་ཊ་ལི
པར། བོད་མིའི་སྒྲིག་འཛུགས།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨི་ཊ་ལིའི་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་རང་སྐྱོང་མངའ་སྡེ་གཉིས་ལ་གཞུང་འབྲེལ་གཟིགས་སྐོར་གནང་འདུག

དེ་ཡང་ཟླ་བ་འདིའི་ཚེས་ ༡༨ ཉིན་ཨི་ཊ་ལིའི་སྤྱི་མཐུན་རྒྱལ་ཁབ་མངའ་ཁོངས་ལྷོ་ཊི་རོལ་དང་། ཊེ་རེན་ཊོན་རང་སྐྱོང་མངའ་སྡེར་བོད་དོན་སླད་གཟིགས་སྐོར་གནང་སྐབས། ཐོག་མར་ ལྷོ་ཊི་རོལ་གྱི་སྲིད་འཛིན་སྐུ་ཞབས་Kompatscher མཆོག་དང་། དེ་རྗེས་ཊེ་རེན་ཊོན་རང་སྐྱོང་མངའ་སྡེའི་སྲིད་འཛིན་ལྕམ་ས་ར་ཕེ་ར་རི་མཆོག་དང་མཇལ་འཕྲད་གནང་སྟེ་ ཨི་ཊ་ལིའི་མངའ་འོག་རང་སྐྱོང་ས་ཁུལ་དེ་གཉིས་ཀྱིས་རང་དབང་ལོངས་སུ་སྤྱོད་བཞིན་པ་ལྟར། རྒྱ་ནག་གི་རྩ་ཁྲིམས་འོག་ནས་ང་ཚོར་ཡང་དེ་མཚུངས་ཀྱི་རང་སྐྱོང་ཐོབ་པའི་རེ་བ་བཅངས་བཞིན་པ་སྲིད་སྐྱོང་གིས་གསུང་འདུག

ཊེ་རེན་ཊོན་རང་སྐྱོང་མངའ་སྡེའི་སྲིད་འཛིན་ལྕམ་ས་ར་ཕེ་ར་རི་མཇལ་འཕྲད་གནང་སྐབས་ མངའ་སྡེའི་གཞུང་གིས་ལ་དྭགས་ཁུལ་གྱི་བོད་མི་ཚོར་སྨན་དང་། འཐུང་ཆུའི་མཐུན་རྐྱེན་བསྐྲུན་ཕྱིར་རོགས་རམ་གནང་བ་དེ་བཞིན་བོད་མི་ཚོར་ཕན་ཐོགས་ཆེན་པོི་བྱུང་སྐོར་གསལ་བཤད་གནང་འདུག་བོད་ཀྱི་གནད་དོན་སྐོར་དབུས་བོིད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འཚེ་མེད་ཞི་བ་དང་།  དབུ་མའི་ལམ་གྱི་བཞེངས་ཕྱོགས་བརྒྱུད་བོད་ཀྱི་དཀའ་རྙོག་སེལ་ཐབས་གནང་གི་ཡོད།   ད་ལྟའི་བོད་ནང་གི་གནས་སྟངས་ཤིན་ཏུ་གཉན་འཕྲང་ཅན་ཞིག་ནང་གནས་ཡོད།  ད་ཕན་བོད་མི་གྲངས་ ༡༢༢ བརྒལ་བས་རང་ལུས་མེར་བསྲེགས་བཏང་ཡོད་པ་སོགས་བོད་ནང་གི་གནས་སྟངས་གསལ་བཤད་གནང་སྟེ་ཊེ་རེན་ཊོན་རང་སྐྱོང་མངའ་སྡེའི་སྲིད་འཛིན་་Bruno Doringatti ཡིས་བོད་ནང་གི་གནས་སྟངས་ཐད་ཁོང་ལ་ཐུགས་འཚབ་ཆེན་པོ་ཚོར་བཞིན་པ་ཡིན་ཞེས་དང་། ཁོང་གི་ངོས་ནས་་ཁོང་གི་མངའ་སྡེ་དང་བོད་མིའི་དབར་འབྲེལ་བ་གོང་མཐོར་གཏོང་འདོད་ཡོད་ཅེས་ཞལ་བཞེས་ཡང་གནང་ཡོད་པ་རེད།

གསར་འགོད་པ་འབེན་པ་སྟོབས་རྒྱལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།