ཨ་རིའི་གཞུང་ཚབ་གསར་པར་བོད་གནས་སྐོར་དྲི་རྩད།

ཨ་རིའི་གྲོས་ཚོགས་གོང་མའི་འབྲེལ་ཡོད་ཚོགས་ཆུང་ནས་རྒྱ་ནག་ནང་ཨ་རིའི་གཞུང་ཚབ་གསར་པར་བོད་དོན་དང་འབྲེལ་བའི་སྐོར་འདྲི་བརྩད།

2011.07.29

༄༅༎ཨ་རིའི་གྲོས་ཚོགས་གོང་མའི་འབྲེལ་ཡོད་ཚོགས་ཆུང་ནས་སྐུ་ཞབས་གེ་རི་ལོཀ་རྒྱ་ནག་ནང་ཨ་རིའི་གཞུང་ཚབ་གསར་པར་བསྐོ་བཞག་གཏན་འཁེལ་གནང་ཡོད་པ་དང་ བསྐོ་བཞག་གི་ཉན་ཞིབ་སྐབས་ གཞུང་ཚབ་གསར་པར་བོད་གྱི་གནད་དོན་དང་འབྲེལ་བའི་བཞེངས་ཕྱོགས་འདྲི་བརྩད་གནང་ཡོད་པ་རེད་༎

དེ་ཡང་ཚེས་༢༧ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་འཐུས་མི་རྣམས་ནས་རྒྱ་ནག་ནང་ཨ་རིའི་གཞུང་ཚབ་ཆེན་མོ་བར་བསྐོ་བཞག་གནང་རྒྱུའི་སྐུ་ཞབས་གེ་རི་ལོཀ་ལ་གཞུང་ཚབ་ཀྱི་འགན་འཁུར་དང་ལས་དོན་ཐོག་ཐད་ཀར་འབྲེལ་བ་ཡོད་པའི་བོད་ཀྱི་གནད་དོན་དང་བོད་ཀྱི་གནས་སྟངས་ལ་ཐུགས་འགན་བཞེས་ཕྱོགས་སྐོར་ཞིབ་ཕྲའི་འདྲི་རྩད་གནང་ཡོད་པ་རེད་ འདྲི་བའི་ཁོངས་སུ་ ༢༠༠༨ལོར་བོད་ས་ཡོངས་ལ་ཞི་རྒོལ་རྒྱ་ཁྱབ་བྱུང་བའི་རྗེས་ རྒྱ་ནག་གཞུང་གིས་བོད་ཐོག་དོ་དམ་དང་དྲག་གནོན་གྱི་སྲིད་ཇུས་བསྟུད་མར་ལག་བསྟར་བྱས་པ་མ་ཟད་ དམིགས་ཀར་འདི་ལོ་རྔ་པ་ཀིརྟི་དགོན་པར་རྒྱ་གཞུང་གིས་དྲག་གནོན་རྐྱེན་པས་  ད་ལྟ་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་སྟབས་ བོད་ནང་གི་དངོས་ཡོད་ཀྱི་གནས་ཚུལ་མཁྱེན་རྟོགས་དང་ དེ་བཞིན་བོད་མིའི་ཆོས་དང་རིག་གཞུང་འགྲོ་བ་མིའི་ཐོབ་ཐང་བཅས་སྲུང་སྐྱོབ་སླད་ གཞུང་ཚབ་ཆེན་མོ་མཆོག་ནས་ བོད་ནང་འགྲིམ་འགྲུལ་སྐོར་བསྐྱོད་གནང་རྒྱུར་ཁས་ལེན་ཞུ་ཐུབ་མིན་བཀའ་འདྲི་གནང་བཞག་ འདྲི་བའི་ལན་འདེབས་སུ་སྐུ་ཚབས་གེ་རི་ལོཀ་མཆོག་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ས་ བོད་ནང་ཨ་རིའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ་དེ་བཞིན་བོད་མི་གནས་མཇལ་དུ་བསྐྱོད་ཕྱོགས་ཐད་ གུ་ཡངས་ཀྱི་འགྲིམ་འགྲུལ་ཐུབ་རྒྱུར་རྒྱ་ནག་གཞུང་ལ་འབོད་སྐུལ་བྱས་ཡོད་པ་དང་ གཞི་རྩའི་རྒྱ་ནག་ནང་ཨ་རིའི་གཞུང་ཚབ་ལས་ཁང་ནས་ བོད་ནང་འགྲིམ་འགྲུལ་རྟོགས་ཞིབ་ཕེབས་རྒྱུ་དེ་ལས་དོན་གྱི་ཆ་ཤས་གལ་ཆེ་ཁོངས་སུ་ཡོད་པར་བརྟེན་ ཁོང་ཨ་རིའི་གཞུང་ཆེན་མོ་བར་བསྐོ་བཞག་གནང་ཚེ་ བོད་ནང་གཟིགས་ཞིབ་ཕེབས་རྒྱུའི་གོ་སྐབས་ཆ་ཚང་བཞེས་རྒྱུ་ཡིན་ལུགས་འགྲེལ་བརྗོད་གནང་བཞག་ ཡང་ གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་ བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཨ་རིའི་གཞུང་འབྲེལ་ལས་ཁུངས་གསར་འཛུགས་གནང་རྒྱུའི་ལས་དོན་དེར་ སྐུ་ཞབས་གེ་རི་ལོཀ་གི་མཇུག་གནོན་མཐར་སྐྱོང་གནང་མིན་སྐོར་བཀའ་འདྲི་གནང་པར་ སྐུ་ཞབས་ལོཀ་གིས་ ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ ༢༠༠༨ནས་བཟུང་ བོད་ཀྱི་རྒྱལ་ས་ལྷ་སའི་ནང་གཞུང་ཚབ་ལས་ཁུངས་གསར་འཛུགས་གནང་རྒྱུའི་སྐོར་རྒྱ་ནག་གཞུང་ལ་བཀའ་ཁྲོལ་སྔ་རྗེས་ཞུས་ཡོད་པ་དང་ ད་ཕན་རྒྱ་ནག་གཞུང་ནས་ལན་འདེབས་གང་ཡང་གནང་མེད་རུང་ ཨ་རི་གཞུང་གིས་ རྒྱ་ནག་གི་ས་ཁུལ་ཁག་ནང་གཞུང་ཚབ་ཀྱི་ཡན་ལག་ལས་ཁུངས་གསར་འཛུགས་གནང་རྒྱུའི་འཆར་གཞིའི་ཁོངས་ནས་ ལྷ་སའི་ནང་གཞུང་ཚབ་གསར་འཛུགས་གནང་རྒྱུ་དེ་གལ་འགངས་ཆེ་ཤོས་སུ་ངོས་འཛིན་མུ་མཐུད་གནང་རྒྱུ་ཡིན་པའི་སྐོར་གསལ་འདོན་གནང་བཞག་་ དེ་མིན་ཡང་ད་རེས་གོང་གསལ་གྲོས་ཚོགས་གོང་མིའི་ཉན་ཞིབ་སར་ སྐུ་ཞབས་གེ་རི་ལོཀ་གིས་རྒྱ་ནག་གཞུང་གི་ལྷན་དང་བོད་ཀྱི་གནད་དོན་གླེང་གློང་བསྟུད་མར་གནང་རྒྱུ་མ་ཟད་ བོད་ཀྱི་གནད་དོན་ཐད་ལ་ ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལྷན་དང་ལས་དོན་མཉམ་སྦྲེལ་དམ་ཟབ་གནང་རྒྱུའི་སྐོར་ནན་བརྗོད་གནང་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎