ཨོ་ལིམ་པིག་རྩེད་འགྲན་དུ་ཁེ་ན་དྲའི་ཕྱི་སྲིད་བློན་ཆེན་ཕེབས་འཆར།

ཁེ་ན་དྲའི་སྲིད་བློན་མཆོག་པེ་ཅིང་གི་ཨོ་ལིམ་པིག་རྩེད་འགྲན་གྱི་འགོ་འབྱེད་མཛད་སྒོར་བསྐྱོད་དགོས་པའི་གནོན་ཤུགས་དེར་འགོག་རྒོལ་གནང་གི་ཡོད་པ།

2008-07-14
Share

༄༅༎ཁེ་ན་དྲའི་སྲིད་བློན་སི་ཊི་ཕེན་ཧའར་པར་མཆོག་པེ་ཅིང་གི་ཨོ་ལིམ་པིག་རྩེད་འགྲན་གྱི་འགོ་འབྱེད་མཛད་སྒོར་བསྐྱོད་དགོས་པའི་གནོན་ཤུགས་དེར་འགོག་རྒོལ་གནང་གི་ཡོད་ནའང་ ཁོང་གི་ཚོང་འབྲེལ་བློན་ཆེན་ མའེ་ཁལ་ཕོར་ཊིཡེར་ ཡིས་སྲིད་བློན་མཆོག་ཨོ་ལིམ་པིག་རྩེད་འགྲན་ལ་མི་བསྐྱོད་རྒྱུ་དེས་ཁེ་ན་དྲ་དང་རྒྱ་ནག་གི་ཕུགས་རྒྱང་རིང་བའི་འབྲེལ་བའི་ཐོག་གནོད་སྐྱོབ་ཐེབས་རྒྱུ་མིན་སྐོར་གསུང་འདུག

ཁེ་ན་དྲའི་གུ་ཡང་ལྟ་བ་འཛིན་མཁན་ སྦོབ་རེ་ ཡིས་སྲིད་བློན་ཧའར་པར་མཆོག་ད་ལྟའང་གྲང་དམག་གི་བསམ་བློའི་ནང་བཅིངས་ནང་བཞུགས་ཡོད་པ་དང་ཁེ་ན་དྲས་ཡུན་རིང་དབར་རྒྱ་ནག་དང་འབྲེལ་བ་བཟོས་པ་དེ་ཆུད་བཟོས་སུ་གཏོང་གི་ཡོད་པ་མ་ཟད་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ལའང་གྲུབ་འབྲས་ཐོན་མེད་སྐོར་སྐྱོན་བརྗོད་གནང་འདུག ཉེ་སྔོན་བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ཞི་བའི་ངོ་རྒོལ་ལ་དྲག་གནོན་བྱས་པ་དེས་སྲིད་བློན་ཧའར་པར་མཆོག་གིས་མཛད་འཆར་ནང་དུས་ཚོད་ཁོམ་མིན་གྱི་རྒྱུ་མཚན་ཐོག་པེ་ཅིང་གི་ཨོ་ལིམ་པིག་རྩེད་འགྲན་དེར་བསྐྱོད་རྒྱུ་མིན་སྐོར་གྱི་ཐག་གཅོད་གནང་བ་དེར་རྒྱ་ནག་གི་གནད་དོན་ཐོག་དབྱེ་ཞིབ་གནང་མཁན་རྣམས་ཀྱིས་རྒྱ་ནག་གིས་བོད་ཐོག་བྱ་སྤྱོད་དེ་འགྲིག་གི་མེད་པའི་བརྡ་ཞིག་བཏང་བར་ངོས་འཛིན་གནང་གི་ཡོད་པ་རེད་ ཁེ་ན་དྲའི་སྲིད་བློན་ལས་ཁུངས་ཀྱི་མགྲིན་ཚབ་པ་ ཀོ་རི་ཀྲེ་ནེ་ཀེ་ ཡིས་ཁེ་ན་དྲའི་གཞུང་གིས་རིང་མིན་པེ་ཅིང་གི་ཨོ་ལིམ་པིག་རྩེད་འགྲན་དེར་ཆེས་མཐོའི་སྐུ་ཚབ་འཐུས་མི་ཆེད་གཏོང་གནང་རྒྱུ་ཡིན་པ་དང་དེ་ཡང་སྐུ་ཚབ་འཐུས་མིའི་འགོ་འཁྲིད་དེ་ཕྱི་སྲིད་བློན་ཆེན་ ཌེ་ལྦི་དྲི་ཨེ་མར་སེན་ མཆོག་གི་གནང་རྒྱུ་ཡིན་སྐོར་གསུང་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎