རྒྱ་ནག་གཞུང་གིས་བོད་ནང་དྲྭ་རྒྱ་ལྟ་ཀློག་ཐད་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་འདུག

2023.08.22
རྒྱ་ནག་གཞུང་གིས་བོད་ནང་དྲྭ་རྒྱ་ལྟ་ཀློག་ཐད་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་འདུག ཁྲིན་ཏུའུ་གྲོང་ཁྱེར་དུ་རྒྱ་ནག་གི་ཉེན་རྟོག་པའི་རླངས་འཁོར་དང་བུད་མེད་ཞིག་གིས་ཁ་པར་གཏོང་བཞིན་པ། ༠༢།༢༠༢༢
AP

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ་ལགས་ཀྱིས་རྩོམ་བྲིས་ཤིག་སྤེལ་བའི་ནང་། སྤྱིར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱ་ནག་གི་སྲིད་དབང་བཟུང་ནས། བཅོས་མའི་རིག་གསར་གྱི་འཕྲུལ་རིག་ཐོག་ཡར་རྒྱས་གཏོང་བ་དང་སྤྱི་ཚོགས་ཐོག་དྲག་གནོན། ལྟ་བའི་ཐོག་སྟངས་འཛིན། འཕྲིན་གཏོང་འབྲེལ་ལམ་ཐོག་དམ་དྲག རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་ཡིག་གསར་པ་ཁག་ཅིག་གཏན་འབེབས་བྱས་ནས་མང་ཚོགས་ཐོག་སོ་ལྟའི་ལས་དོན་ཁག་རྒྱ་ཆེ་རུ་བཏང་ཡོད་པ་དང་། བོད་ནང་དྲྭ་འབྲེལ་མཉེན་ཆས་(VPN)་སོགས་བཀག་སྡོམ་བྱས་ནས་དྲྭ་རྒྱ་ལྟ་ཀློག་ཐད་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་སོགས་བཀོད་འདུག
དེ་ཡང་འབྲེལ་བོད་ནང་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་གསར་པ་(Wang Zunzheng)་ཡིས་དྲྭ་རྒྱའི་ཐོག་གི་དམ་དྲག་དེ་ཤུགས་ཆེ་རུ་བཏང་བ་དང་། བོད་ནང་གི་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་སྤྱི་ཚོགས་འཁྲུགས་རྐྱེན་སློང་བའི་ལས་དོན་སྤེལ་མ་ཆོག་པའི་ལམ་སྟོན་སློབ་གསོ་ཡང་ནས་ཡང་དུ་བྱེད་པ་དང་། བོད་མི་རྣམས་རང་གི་སྤུན་ཉེ་དང་མཛའ་གྲོགས་ལ་སོགས་པར་འབྲེལ་བ་བྱེད་རྒྱུར་དམ་དྲག་དང་། བོད་མི་རྣམས་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བྱས་པའི་ཉེས་འཛུགས་འོག་བཙོན་བཅུག་ཁྲིམས་ཐག་བཅད་པའི་གནས་ཚུལ་ཡོང་བཞིན་པ་སོགས་བྲིས་འདུག
ད་དུང་རྩོམ་ཡིག་དེའི་ནང་། བོད་ནང་དྲྭ་རྒྱ་རང་དབང་ཐོག་བེད་སྤྱོད་བྱས་པ་ཡིན་ན་བོད་མི་རྣམས་གང་བྱུང་གིས་འཛིན་བཟུང་དོ་དམ་དང་དྲག་གནོན་བྱེད་ཀྱི་ཡོད་པའི་སྐོར་དང་། མདོར་ན། རྒྱ་ནག་གཞུང་གིས་བོད་ནང་དྲྭ་རྒྱའི་ཐོག་ཁྲིམས་ཡིག་གསར་པ་དེ་གཏན་འབེབས་བྱས་པའི་རྗེས་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྨྲ་བརྗོད་ཀྱི་རང་དབང་དང་སྒེར་གྱི་གནས་ཚུལ་གྱི་རང་དབང་ཐོག་དོ་ཕོག་ཤུགས་ཆེ་ཐེབས་ཀྱི་ཡོད་པའི་སྐོར་གསལ་སྟོན་བྱས་འདུག
རྒྱ་ནག་གཞུང་གི་དྲྭ་རྒྱའི་ཐོག་དམ་དྲག་གི་ཁྲིམས་ཡིག་གསར་པ་དེའི་ནང་། ཁ་བྲལ་རིང་ལུགས་ལ་གདོང་ལེན་ཆེད་བོད་མི་གནས་སྡོད་བྱེད་ས་ཕལ་མོ་ཆེའི་ནང་། རྒྱ་ནག་གི་ཕྱིར་འབྲེལ་བ་ཙམ་ཡང་བྱེད་མ་ཆོག་པའི་དམ་དྲག་བྱས་ཡོད་པ་སོགས་ཀྱི་སྐོར་སོགས་བཀོད་འདུག


གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་མཆོག་གིས་རྒྱ་གར་གྱི་མེ་ཁོ་རོ་སོ་ཧྤོ་ཊི་ཡར་རྒྱས་ལྟེ་གནས་ཀྱི་འཛིན་སྐྱོང་འགན་འཛིན་ལ་མཇལ་ཁ་སྩལ་བ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོའི་དགོངས་གཞི་དང་མཐུན་པར་ཧུར་ཐག་བྱ་དགོས་པའི་འབོད་སྐུལ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎