རྒྱ་གར་དམག་དཔོན་གྱིས་བོད་དང་ས་འབྲེལ་ས་མཚམས་ལ་མྱུལ་ཞིབ།


2016.05.20
བོད་ཀྱི་ས་མཚམས་དང་ཐག་ཉེ་བའི་རྒྱ་གར་གྱི་མཐའ་མཚམས་འགག་སྒོ་འབུམ་བླར་འགག་སྒོའི་རྒྱ་གར་གྱི་དམག་མི། ༢༠༡༢།༡༠།༢༡ བོད་ཀྱི་ས་མཚམས་དང་ཐག་ཉེ་བའི་རྒྱ་གར་གྱི་མཐའ་མཚམས་འགག་སྒོ་འབུམ་བླར་འགག་སྒོའི་རྒྱ་གར་གྱི་དམག་མི། ༢༠༡༢།༡༠།༢༡
པར། AFP

རྒྱ་གར་དང་ས་འབྲེལ་ས་མཚམས་རྒྱ་བརྒྱུད་དུ་རྒྱ་མིའི་དཔུང་དམག་མང་དུ་བཏང་ཡོད་པའི་གནས་ཚུལ་ཐོན་བཞིན་པའི་སྐབས་འདིར། རྒྱ་གར་གྱི་དབུས་དམག་དཔུང་གི་སྤྱི་ཁྱབ་དམག་དཔོན་Lt.General Balwant Singh Negi་ཚེས་༡༩ཉིན་ཧི་མ་ཅལ་ཕྱོགས་ཀྱི་བོད་དང་རྒྱ་གར་གྱི་ས་མཚམས་ཁེལ་སར་དམག་དོན་མྱུལ་ཞིབ་གནང་འདུག
དངོས་འབྲེལ་བྱས་ན་ཧི་མ་ཅལ་ཁུལ་གྱི་ས་མཚམས་དེ་Chandimandir་ས་གནས་སུ་རྟེན་གཞི་བྱས་པའི་རྒྱ་གར་གྱི་ནུབ་ཕྱོགས་དམག་སྡེའི་ཁྱབ་ཁོངས་ཡིན་ནའང། རྒྱ་གར་དབུས་ཕྱོགས་ནས་UttarPardeshམངའ་སྡེའི་ནུབ་ཕྱོགས་ནས་Uttarakhand་ནས་Himachal་མངའ་སྡེ་བཅས་ཀྱི་བར་ཡོད་པའི་རྒྱ་དཀར་ནག་གཉིས་དབར་གྱི་དངོས་གཞིའི་ས་མཚམས་ཀྱི་ས་ཐིག་Line of Actual Control་ཟེར་བའི་ཁུལ་རྒྱ་གར་གྱི་དཔུང་དམག་འགྲེམས་འཇོག་བྱེད་སྟངས་ཐད། གྲ་སྒྲིག་གཟབ་ལོས་ཡོད་མེད་རྟོག་ཞིབ་གནང་བར་སྤྱི་ཁྱབ་དམག་དཔོན་Balwant Singh Negi་ཕེབས་ཡོད་ཅིང། ཁོང་གིས་ཧི་མ་ཅལ་མངའ་སྡེའི་ནང་གི་བོད་དང་ས་མཚམས་ཁེལ་སའི་ས་ཁུལ་ཁག་ནང་རྟོག་ཞིབ་གནང་སྐབས་ཁོང་ལ་དམག་དཔུང་གི་ལས་དོན་བྱ་ཕྱོགས་ཀྱི་སྙིང་དོན་འགྲེལ་བཤད་ཞུས་འདུག།
གྲོང་ཁྱེར་Lucknow་ནང་རྟེན་གཞི་བྱས་པའི་རྒྱ་གར་གྱི་དབུས་དམག་དཔུང་ཚན་པའི་ལས་ཁུང་ལྟེ་བའི་ལས་འགན་གཙོ་བོ་དེ་ཨུ་ཏར་པར་དེཤི་མངའ་སྡེ་ནས་Uttarakhand་མངའ་སྡེ་གཉིས་བར་གྱི་རྒྱ་ནག་དང་ས་འབྲེལ་ཁེལ་སའི་རྒྱ་གར་གྱི་ས་མཚམས་ཐོག་ལྟ་རྟོག་བྱེད་ཡག་དེ་ཡིན་པ་དང། དབུས་ཕྱོགས་ཀྱི་
དམག་དཔུང་ཚན་པའི་སྤྱི་ཁྱབ་དམག་དཔོན་Negi་ཡིས་རེས་གཟའ་ལྷག་པའི་ཉིན་རྟོག་ཞིབ་འགོ་འཛུགས་ཀྱིས་ཁ་སང་ཧི་མ་ཅལ་མངའ་སྡེའི་གྲོང་ཁྱེར་
Shimla་རུ་ཁུལ་དེའི་དམག་དཔོོན་PM Hariz་དང་ཐུགས་འཕྲད་གནང་སྟེ་ཐེངས་འདིའི་ས་མཚམས་བརྒྱུད་ཀྱི་རྟོག་ཞིབ་དེ་མཇུག་སྒྲིལ་གནང་འདུག།
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུང་གིས་ཉེ་ཆར་བཏོན་གནང་བའི་རྒྱལ་སྲུང་སྙན་ཐོ་ཞིག་ནང་། རྒྱ་གར་དང་ཉེ་བའི་ས་མཚམས་ཁུལ་དུ་རྒྱ་ནག་གིས་དམག་དཔུང་འཕར་མ་འགྲེམས་འཇོག་བྱས་ཡོད་པ་ཤེས་རྟོགས་བྱུང་བའི་སྐོར་གནས་ཚུལ་ཐེར་འདོན་གནང་ཡོད་པ་དང། རྒྱ་གར་གྱི་ས་མཚོ་གནམ་གསུམ་དཔུང་སྡེའི་སྤྱི་ཁྱབ་དམག་དཔོན་Dalbir Singh་གིས་ཉིན་ཤས་གོང་། རྒྱ་གར་གྲོང་ཁྱེར་Lucknow་དུ་རྟེན་གཞི་བྱེད་པའི་དབུས་དམག་སྤྱི་ཁང་གི་ལས་ཁུངས་ལྟེ་བར་ལྟ་སྐོར་གནང་ཡོད་པ་མ་ཟད། རྒྱ་གར་གྱི་ཤར་ཕྱོགས་དཔུང་དམག་གི་དམག་དཔོན་Praveen Bakshi་ཀྱང་སོ་སོའི་ཁྱབ་ཁོངས་ས་གནས་སུ་འདས་པའི་ཉིན་གྲངས་འགའ་ཤས་རིང་ལྟ་སྐོར་གནང་ཡོད་པ་རེད།

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎