རྒྱ་ནག་དང་དབྱིན་ཡུལ་ནས་བོད་ནང་གཏེར་ཁ་བསྔོག་འདོན་བྱ་རྒྱུ།

རྒྱ་ནག་དང་དབྱིན་ཡུལ་ཐོུང་གིས་བོད་ནང་གི་གསེར་གྱི་གཏེར་ཁ་བསྔོག་འདོན་གྱི་ཚོང་འབྲེལ་ནས་ཁེ་སང་ཆེན་པོ་ལེན་རྩིས་ཡོད་པའི་གནས་ཚུལ།
2008-07-27
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བོད་ནང་གི་ཆབ་སྲིད་ཀྱི་གནས་སྟངས་ལྷིངས་འཇགས་མེད་ཀྱང་ཕྱིའི་རྒྱལ་ཁབ་ཚོས་བོད་ནང་གསེར་གཙོས་པའི་རིན་ཆེན་གཏེར་རིགས་སྔོག་འདོན་གྱི་གོ་སྐབས་ལྷོད་གཏོང་བཟོད་ཀྱི་མེད་སྐོར་དབྱིན་ཇིའི་ ཊེ་ལི་ག་རཕ་ ཞེས་པའི་གསར་ཤོག་གི་གསར་འགོད་པ་ ཌེ་ལྦིཌི་ ཨི་མར་ གྱིས་པེ་ཅིང་ནས་གནས་ཚུལ་སྤེལ་འདུག དབྱིན་ཇིའི་རྩེད་འགྲན་པ་ཚོས་ཨོ་ལིམ་པིག་རྩེད་འགྲན་སྐབས་གསེར་གྱི་རྟགས་མ་གང་མང་ལེན་རྒྱུའི་འབད་བརྩོན་བྱེད་རྒྱུ་ཡང་ དབྱིན་ཇིའི་གཏེར་ལས་པ་ཚོས་བོད་ནང་གི་གསེར་གྱི་གཏེར་ཁ་བསྔོག་འདོན་གྱི་ཚོང་འབྲེལ་ནས་ཁེ་སང་ཆེན་པོ་ལེན་རྩིས་ཡོད་ལུགས་གོང་ཞུས་གསར་འགོད་པས་འགྲེལ་བརྗོད་བྱས་འདུག རྒྱ་ནག་གཞུང་གིས་ཨོ་ལིམ་པིག་རྩེད་འགྲན་གོ་སྒྲིག་ཆེད་དབྱིན་སྒོར་པའོནཌི་ཉི་ཤུ་ཙམ་བཏང་ཡོད་ཀྱང་ཕྱི་རྒྱལ་གྱི་གེར་ལས་ཚོང་པ་རྣམས་ འཛུགས་བསྐྲུན་དང་ གནམ་གཤིས་སོགས་གང་ཅིའི་ཐད་དཀའ་ངལ་ཆེན་པོ་ཡོད་པ་དེ་དག་གདོང་ལེན་གྱིས་གཏེར་རྫས་ཀྱི་ཕྱུག་པའི་མཐོ་སྒང་བོད་ནང་འགྲོ་ཐབས་བྱེད་ཀྱི་ཡོད་འདུག རྒྱ་ནག་དབུས་ཀྱི་གསེར་ཐང་ངམ་ སེལཊལ་ ཅའི་ཎ་ གོལཌི་ཕིལཌི་ ཞེས་པ་ནི་བོད་ནང་དབྱིན་ཇིའི་གཏེར་འདོན་བཟོ་ལས་ཁོ་ན་དེ་ཡིན་པ་དང་ བར་ལམ་བོད་ཀྱི་ནང་ཟིངས་འཁྲུག་ལ་ལྟོས་མེད་ཀྱིས་བཟོ་ལས་ཁང་གིས་ཐག་གཅོད་གང་བྱས་པ་དེ་འགྲིག་ཡོད་པ་དང་ གཏེར་ལས་ཁང་དེ་ཆབ་སྲིད་ཀྱི་ཚོགས་པ་ཞིག་མིན་པས་སུ་ཞིག་གི་ཕྱོགས་གཏོགས་བྱེད་ཀྱི་མེད་ལུགས་གཏེར་ལས་ཁང་གི་འགན་འཛིན་ ཇེཕ་མ་ལའི་ཧོ་ལོ་ ཡིས་གོང་ཞུས་གསར་འགོད་པར་འགྲེལ་བརྗོད་གནང་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།