འཆར་ལྡན་བུ་སྐྱེས་སྲིད་བྱུས་བསྒྱུར་བཅོས།


2013-12-28
Share
འཆར་ལྡན་བུ་སྐྱེས་ཀྱི་སྲིད་བྱུས་གསར་པ། པེ་ཅིང་སྨན་ཁང་ནང་།
AFP

རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཚོགས་ཀྱིས་འཆར་ལྡན་བུ་སྐྱེས་དང་ངལ་རྩོལ་བསྒྱུར་བཀོད་ར་བའི་ལམ་ལུགས་གཉིས་ལ་བསྒྱུར་བཅོས་གཏན་འབེབས་གནང་འདུག་འཆར་ལྡན་བུ་སྐྱེས་སྲིད་བྱུས་ལྟར་ན།    ཕྲུ་གུ་གཅིག་ལྷག་སྐྱེས་མི་ཆོག་ཀྱང་།    བཅོས་བསྒྱུར་བཏང་བའི་ཁྲིམས་ལུགས་གསར་པའི་འོག་བཟའ་མི་གཉིས་སུ་རུང་བར་ཕ་མ་གང་རུང་ངམ་གཉིས་ཀ་གཅིག་པའི་སྤུན་མེད་ན། ཕྲུ་གུ་གཉིས་སྐྱེས་ཆོག་གི་ཡོད་པ་རེད།    དེ་བཞིན་རྒྱ་ནག་གི་Laogiao སྟེ་ངལ་རྩོལ་བསྒྱུར་བཀོད་ར་བ་རྩ་མེད་བཟོས་ཡོད་པར་བརྟེན།    ངལ་རྩོལ་བསྒྱུར་བཀོད་ར་བའི་ནང་སྡུག་སྦྱོང་མྱོང་བཞིན་པ་རྣམས་གློད་འགྲོལ་འཐོབ་ཀྱི་ཡོད་པ་རེད།    རྒྱ་ནག་གུང་གྲན་ཏང་གི་གཞུང་གིས་ཕྱི་ལོ་༡༩༥༧་ལོར་ངལ་རྩོལ་སྒྱུར་བཀོད་ར་བའི་ལམ་ལུགས་གཏོད་དེ་ནག་ཉེས་ཆུང་ངུའི་རིགས་ལ་ཐག་གཅོད་མྱུར་པོ་ཡོང་བར་དམིགས་པ་དེ་ལྟར་ཡང་། ལག་བསྟར་ཚུལ་མཐུན་མེད་པར་ཉེས་མེད་ལ་ལོ་ངོ་བཞི་ཙམ་རིང་ཁྲིམས་བཤེར་མེད་པར་ངལ་རྩོལ་བསྐུལ་བའི་ལམ་སྲོལ་ངན་པར་འགྱུར་པ་ཡིན་པ་རེད།    རྒྱ་ནག་གཞུང་གིས་ངལ་རྩོལ་སྒྱུར་བཀོད་ར་བའི་ལམ་ལུགས་མེད་པ་བཟོས་ན་ཡང་། ད་དུང་རྒྱ་ནག་གི་འགོ་ཁྲིད་ཚོས་གང་བྱུང་འཛིན་བཟུང་བྱས་ཏེ་ཡུན་རིང་བཀག་ཉར་བྱེད་ཆོག་གི་ཡོད་པས་གཞུང་དྲང་པོ་ཆགས་རྒྱུར་ཕན་འབྲས་ཆེ་བ་ཡོང་བཟོ་མེད་པར་གནས་ཚུལ་ཞིབ་འཇུག་པས་གསུངས་གནང་འདུག    ཡང་འཆར་ལྡན་བུ་སྐྱེས་སྲིད་བྱུས་ལ་བཅོས་བསྒྱུར་གཏོང་དགོས་དོན་ནི།    ལག་བསྟར་ཚུལ་མཐུན་མེད་པས་མི་མང་དཀའ་སྡུག་ཕོག་པ་མ་ཚད།    ཕོ་མོ་དོ་མཉམ་མེད་པར་ཕོ་མོའི་བསྡུར་ཚད་བུ་མོ་བརྒྱ་དང་།    བུ་བརྒྱ་དང་བཅོ་ལྔ་བྱེད་ཀྱི་ཡོད་པ་རེད། ལྷག་པར་དུ་ལས་མི་རྒས་ཡོལ་བའི་གྲངས་འབོར་དང་མཚུངས་པའི་ཚར་ལོང་ཡོང་བཞིན་པའི་གཞོན་སྐྱེས་ཚབ་མེད་པའི་དཀའ་ངལ་ཡོད་པ་རེད།    འདས་པའི་ལོ་ངོ་བཅུ་ཕྲག་གསུམ་ཙམ་རིང་མི་འབོར་འཕེལ་རྒྱས་འགོག་པའི་ཕན་ཁྱད་བྱུང་ཡོད་ཀྱང་ད་ཆ་གནས་སྟངས་འགྱུར་བ་ཕྱིན་ཡོད་པ་རེད།    ད་ཡོད་རྒྱ་ནག་གི་མི་འབོར་འཕེལ་རྒྱས་བརྒྱ་ཆ་གཅིག་དང་ཕྱེད་ཀ་ཙམ་བྱེད་ཀྱི་ཡོད་པ་རེད༎

གསར་འགོད་པ་ཚེ་བརྟན་རྣམ་རྒྱལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།