ཇར་མ་ནི་གཞུང་གིས་རྒྱ་ནག་གི་སོ་མྱུལ་ཡིན་པར་ནག་ཉེས་འཛུགས་ནས་རྒྱ་རིགས་བུད་མེད་ཞིག་འཛིན་བཟུང་བྱས་འདུག

2024.10.02
ཇར་མ་ནི་གཞུང་གིས་རྒྱ་ནག་གི་སོ་མྱུལ་ཡིན་པར་ནག་ཉེས་འཛུགས་ནས་རྒྱ་རིགས་བུད་མེད་ཞིག་འཛིན་བཟུང་བྱས་འདུག ཇར་མ་ནི་དང་རྒྱ་ནག་གི་རྒྱལ་དར།
REUTERS

དེ་ཡང་རྒྱལ་སྤྱིའི་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། རྒྱ་རིགས་བུད་མེད་(Yaqi X)་ ཟེར་བས་ཇར་མ་ནིའི་དམག་དོན་ཐབས་ཇུས་ཀྱི་ཁེ་གཉེར་ལས་ཁང་ཞིག་གི་ནང་ལས་ཀ་བྱེད་སྐབས་ཇར་མ་ནིའི་བདེ་སྲུང་བཟོ་གྲྭ་ཁག་ལ་སོ་མྱུལ་བྱས་ཡོད་པའི་ནག་ཉེས་བཙུགས་ནས་འདི་ཚེས་༡རེས་གཟའ་མིག་དམར་ཉིན་འཛིན་བཟུང་བྱས་ཡོད་པ་དང་། ཁོང་མོ་རྒྱ་ནག་གཞུང་གི་སོ་མྱུལ་ཡིན་པའི་ཉེས་འཛུགས་བྱས་ཡོད་པ་དང་། གྲོང་ཁྱེར་(Lezpzig)་ནང་ཡོད་པའི་ཁོ་མོའི་ཁང་པ་དང་ལས་ཀ་བྱེད་སར་ཡང་སྔོག་བཤེར་བྱས་ཡོད་འདུག ཁོང་མོས་དེང་སྐབས་བཙོན་འཇུག་བྱས་བསྡད་ཡོད་པ་ཇར་མ་ནིའི་(Germany)་མི་སེར་ཡིན་པའི་རྒྱ་རིགས་་(Jian G)་ཟེར་བ་དེ་སྔ་ཇར་མ་ནིའི་གཡས་ཕྱོགས་ཚོགས་པའི་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་(MaximilianKrah)་ཡི་ལས་ཁུངས་ནང་ལས་ཀ་བྱེད་མཁན་དེར་གནས་ཚུལ་མཁོ་སྤྲོད་བྱས་པའི་ནག་ཉེས་བཙུགས་འདུག ཇར་མ་ནིའི་གཞུང་གི་ཁྲིམས་རྩོད་པས་རྒྱ་མོ་(Yaqi X)་ཟེར་བ་དེ་ནི་རྒྱ་ནག་གཞུང་གི་གསང་བའི་ལས་ཁུངས་ཀྱི་ཆེད་ཇར་མ་ནིའི་ནང་སོ་མྱུལ་གྱི་ལས་ཀ་བྱེད་ཀྱི་ཡོད་པའི་དོགས་གཞི་ཆེན་པོ་ཡོད་པ་བརྗོད་འདུག་ལ། རྒྱ་མོ་དེས་ཇར་མ་ནིའི་ཤར་ཕྱོགས་གྲོང་ཁྱེར་(Lezpzig)་ལ་ཡོད་པའི་(Halle)་གནམ་ཐང་གི་མ་འོངས་ཐབས་ཇུས་ཐད་ཞབས་ཞུའི་ལས་དོན་སྒྲུབ་མཁན་གྱི་ཁེ་གཉེར་ལས་ཁང་ནང་ལས་ཀ་བྱེད་སྐབས་རང་གི་གོ་གནས་བེད་སྤྱོད་ལོག་པར་བཏང་སྟེ། ཇར་མ་ནིའི་དམག་དོན་ཡོ་ཆས་ཁག་ཕར་ཚུར་འོར་འདྲེན་བྱས་པའི་སྐོར་དང་ཇར་མ་ནིའི་གོ་མཚོན་ལག་ཆའི་བཟོ་གྲྭ་ཁག་དང་འབྲེལ་ཡོད་མི་སྣའི་སྐོར་གནས་ཚུལ་བསྡུ་རུབ་བྱས་པའི་ནག་ཉེས་ཀྱང་བཙུགས་འདུག
ཕྱི་ལོ་༢༠༢༣་ལོའི་ལོ་དཀྱིལ་ནས་ད་ལོའི་ཕྱི་ཟླ་གཉིས་པའི་བར་(Yaqi X)་ཟེར་བས་གནམ་གྲུ་འཕུར་བསྐྱོད་དང་གནམ་གྲུའི་ནང་དངོས་ཟོག་གང་དང་གང་འོར་འདྲེན་བྱེད་ཀྱི་ཡོད་པ། དེ་བཞིན་འགྲུལ་པའི་སྐོར་རྒྱ་ནག་གཞུང་གི་གསང་མྱུལ་(Jian G)་ལ་ལན་མང་གནས་ཚུལ་མཁོ་སྤྲོད་བྱས་ཚུལ་དང་། རྒྱ་ནག་གི་གསང་བའི་མི་སྣ་ཡིན་པར་དོགས་གཞི་ཡོད་པའི་(Jian G)་ལ་ཁྲིམས་ཆད་ལོགས་སུ་བཅད་སྐོར་ཇར་མ་ནིའི་གཞུང་གི་ཁྲིམས་རྩོད་པས་གསུངས་འདུག
རྒྱ་ནག་གཞུང་གི་སོ་མྱུལ་བ་ཡིན་པར་དོགས་གཞི་ཡོད་པ་(Jian G)་འདི་ལོའི་ཕྱི་ཟླ་༤་པའི་ནང་འཛིན་བཟུང་བྱས་འདུག


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཧི་མ་ལ་ཡའི་ཁུལ་དུ་གནས་སྡོད་ཡུལ་མི་ཚོས་ནང་པ་སངས་རྒྱས་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་བོད་ཡིག་ལ་སློབ་གཉེར་གནང་གལ་ཆེ་བ་ཡིན་ཞེས། ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་སྲིད་འཛིན་གྱི་རྒྱལ་ཁ་སུ་ལ་ཐོབ་ཀྱང་བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེན་ཡོད་པ་དེར་འགྱུར་བ་འགྲོ་རྒྱུ་མིན་པ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎