༧གོང་ས་མཆོག་ལ་བཙུན་མའི་ལས་འཆར་དང་བཙུན་དགོན་ ༡༤ ཐོུང་གིས་བརྟན་བཞུགས་བསྟར་འབུལ་ཞུས་པ།

༧གོང་ས་མཆོག་ལ་བོད་ཀྱི་བཙུན་མའི་ལས་འཆར་གྱིས་བརྟན་བཞུགས་བསྟར་འབུལ་ཞུས་པ།

༧གོང་ས་མཆོག་ལ་བོད་ཀྱི་བཙུན་མའི་ལས་འཆར་དང་བཙུན་དགོན་ ༡༤ ཐུན་མོང་གིས་བརྟན་བཞུགས་བསྟར་འབུལ་ཞུས་པ།

བོད་ཀྱི་བཙུན་མའི་ལས་འཆར་དང་། རྒྱ་གར་དང་བལ་ཡུལ་ནང་གི་བཙུན་དགོན་བཅུ་བཞི་ཐུན་མོང་གིས་ཟླ་ ༤ ཚེས་ ༢༤ ཉིན་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་སྦྲགས། སྒྲོལ་མའི་གཟུངས་སྔགས་ཏཱཾ་ཞེས་འཁོད་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་ཕུལ་ཡོད་པ་རེད།

བརྟན་བཞུགས་བསྟར་འབུས་ཞུས་གྲུབ་མཚམས་བོད་ཀྱི་བཙུན་མའི་ལས་འཆར་གྱི་འགོ་ལས་དང་འབྲེལ་ཡོད་ཁག་ཅིག་ལ་བཀའ་འདྲི་ཞུས་པར། ཁོང་རྣམས་ནས་ཐེངས་འདིར་བརྟན་བཞུགས་སྐབས་བཙུན་དགོན་བཅུ་བཞིའི་ལོ་རྒྱུས་དང་འབྲེལ་བའི་སྙན་ཐོ་ཞིག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ལྷ་སྙན་སྒྲོན་འབུལ་ཞུས་པར། ༧གོང་ས་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོ་གནང་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

བོད་ཀྱི་བཙུན་མའི་ལས་འཆར་གྱི་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ཀྱིས་༧གོང་ས་མཆོག་ལ་མཎྜལ་འདེགས་འབུལ་ཞུ་བཞིན་པ། ༢༠༢༦།༤།༢༤
བཀའ་ཟུར་རིན་ཆེན་མཁའ་འ༤།༢༤གྲོ་ལགས་ཀྱིས་མཎྜལ་འདེགས་འབུལ་ཞུ་བཞིན་པ། ༢༠༢༦། བོད་ཀྱི་བཙུན་མའི་ལས་འཆར་གྱི་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ཀྱིས་༧གོང་ས་མཆོག་ལ་མཎྜལ་འདེགས་འབུལ་ཞུ་བཞིན་པ། ༢༠༢༦།༤།༢༤ (OHHDL)

དེ་ཡང་བོད་ཀྱི་བཙུན་མའི་ལས་འཆར་གྱི་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དྲིན་ལ་བརྟེན་ནས་བཙུན་མ་ཚོར་གཟིགས་ཕྱོགས་བཟང་པོ་ཞིག་བསྐྲུན་ཐུབ་པར། ཁོང་རྣམས་ཀྱིས་ཐེངས་འདིར་༧གོང་ས་མཆོག་ལ་ང་ཚོས་ལས་དོན་ག་རེ་སྒྲུབ་བཞིན་པ་རྣམས་སྙན་གསེང་ཞུས་ན་ཐུགས་དགྱེས་པོ་ཡོང་གི་རེད་དྲན་ཏེ་དེ་རིང་དགེ་བཤེས་མ་དང་སློབ་དཔོན་མ། ཀ་བཅུ་པ་དང་སློབ་གཉེར་བ་མང་པོ་ཞིག་གིས་༧གོང་ས་མཆོག་གི་༧སྐུ་མདུན་དུ་བཅར་བར། ༧མགོན་པོ་མཆོག་གིས་ཐུགས་དགྱེས་པོ་གནང་ཡོད་ཅིང་། ཐུགས་དགྱེས་པོ་གནང་འོས་པ་ཞིག་ཀྱང་ཆགས་ཡོད་ལ། དགེ་བཤེས་མ་རྣམས་ཀྱིས་སློབ་སྦྱོང་ཧུར་ཐག་གནང་གི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག་ལ། བོད་ཀྱི་བཙུན་མའི་ལས་འཆར་གྱི་འགན་འཛིན་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས། ༧སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ད་ལྟ་བཙུན་མའི་ལས་འཆར་འདི་ཉིད་ཕྱི་ལོ་ ༡༩༨༧ ནས་འགོ་འཛུགས་ཀྱིས་ལོ་བཞི་བཅུར་འཁོར་རན་གྱི་ཡོད་པ་དང་། ད་བར་དགེ་བཤེས་མ་དང་མཁན་མོ་སོགས་མང་དག་ཅིག་སློབ་ཐོན་ཐུབ་པ་བྱུང་བཞིན་པ་ནི་༧གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ཡིན་ཞེས་སྙན་གསེང་ཞུས་ཡོད་སྐོར་གསུངས་བྱུང་།

བོད་ཀྱི་བཙུན་མའི་ལས་འཆར་དང་འབྲེལ་བའི་སྐོར་སྙན་གསེང་ཞུ་བཞིན་པ།
བོད་ཀྱི་བཙུན་མའི་ལས་འཆར་དང་འབྲེལ་བའི་སྐོར་སྙན་གསེང་ཞུ་བཞིན་པ། བོད་ཀྱི་བཙུན་མའི་ལས་འཆར་དང་འབྲེལ་བའི་སྐོར་སྙན་གསེང་ཞུ་བཞིན་པ། (OHHDL)

ཡང་བཙུན་དགོན་བྱང་ཆུབ་ཆོས་གླིང་གི་མཁན་ཟུར་བློ་བཟང་ཟླ་བ་ལགས་ཀྱིས། བོད་ལ་ཡིན་ན་བཙུན་མ་ཚོས་གཞུང་ཆེན་ཀ་པོད་ལྔ་ལ་སློབ་གཉེར་གནང་སྲོལ་མེད་ཀྱང་། བཙན་བྱོལ་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བཙུན་དགོན་ཁག་བཅུ་བཞི་ཚང་མས་གཞུང་ཆེན་ཀ་པོད་ལྔ་ལ་སློབ་གཉེར་གནང་གི་ཡོད་ཅིང་། ད་བར་དགེ་བཤེས་མ་བརྒྱ་དང་སུམ་ཅུ་སོ་གྲངས་ཙམ་ཞིག་དང་། མཁན་མོ་ཉེར་གསུམ་ཐོན་ཐུབ་པ་བྱུང་བ་སོགས་ཐེངས་འདིར་༧གོང་ས་མཆོག་ལ་སྙན་གསེང་ཞུ་རྒྱུ་བྱུང་བར་༧གང་ཉིད་ཀྱིས་ཐུགས་དགྱེས་ཚོར་ཆེན་པོ་གནང་སོང་བས། ཐེངས་འདིར་གཟེངས་རྟགས་འབུལ་བཞེས་དང་བརྟན་བཞུགས་བསྟར་འབུལ་གྱི་ཞུ་སྒོ་ཡག་པོ་བྱུང་བའི་ཚོར་བ་བྱུང་ཞེས་གསུང་གི་འདུག་ལ། སྒྲོལ་མ་གླིང་གི་སློབ་སྤྱི་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་ཀྱིས། སྐལ་བ་ཚེ་རབས་མང་པོའི་རིང་ཚོགས་བསགས་པའི་ཉེར་ལེན་ལ་བརྟེན་ནས་ཐེངས་འདིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་རྒྱུའི་གོ་སྐབས་བྱུང་ཡོད་པ་དང་། ༧གོང་ས་མཆོག་གི་སྐུ་མདུན་དུ་གངས་རི་རྭ་བའི་སྐོར་བའི་ཞིང་ཁམས་དང་། སྟོང་ཉིད་སྙིང་རྗེའི་ཞལ་འདོན་ཁག་གཉིས་འདོན་རྒྱུ་བྱུང་བར་༧མགོན་པོ་མཆོག་ཐུགས་མཉེས་པོ་གནང་སྐོར་འགྲེལ་བརྗོད་གནང་བྱུང་།

ཟངས་དཀར་རྡོ་རྗེ་རྫོང་ནས་ཡིན་པ་ཉི་མ་སྒྲོལ་མ་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་རིན་པོ་ཆེ་དེ་རིང་མཇལ་བར་སེམས་ལ་དགའ་ཚོར་ཆེན་པོ་དང་། དེ་བཞིན་སྐལ་བ་བཟང་པོ་དང་རང་གཞན་ཚང་མའི་དོན་ལ་བསོད་ནམས་ཆེན་པོ་བསགས་པའི་ཚོར་བ་བྱུང་ཞེས་གསུང་གི་འདུག

ཐེངས་འདིར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་འདིའི་ཐོག་བོད་ཀྱི་བཙུན་མའི་ལས་འཆར་ཁང་དང་བཙུན་དགོན་བཅུ་བཞི་ནས་ཁྱོན་མི་གྲངས་ལྔ་བཅུ་ལྷག་ཙམ་ཞིག་ཕེབས་འདུག་ལ། གཞན་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་དད་ལྡན་པ་སུམ་བརྒྱ་ལྷག་ལ་མཇལ་ཁ་བསྩལ་གནང་མཛད་ཡོད་པ་རེད།།

པར་ལེན་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།