རྒྱ་ནག་ཏུ་ཡེ་ཤུའི་ཆོས་དཔོན་ཞིག་གློད་བཀྲོལ་བཏང་ཡོད་སྐོར།

རྒྱ་ནག་འལ་སྦལ་ཞིང་ཆེན་ནང་ཡོད་པའི་ཡེ་ཤུའི་ཆོས་དཔོན་ཞིག་གཞུང་ཕྱོགས་ཀྱི་དམ་བསྒྲགས་འོག་ནས་ཁ་ས་གློད་བཀྲོལ་བཏང་ཡོད་པ་རེད།
2008-09-19
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱ་ནག་འལ་སྦལ་ཞིང་ཆེན་ནང་ཡོད་པའི་ཡེ་ཤུའི་ཆོས་དཔོན་ཞིག་གཞུང་ཕྱོགས་ཀྱི་དམ་བསྒྲགས་འོག་ནས་ཁ་ས་རེས་གཟའ་ཕུར་བུའི་ཉིན་གློད་བཀྲོལ་བཏང་ཡོད་པ་རེད་ཅེས་ཨ་རིའི་ནང་རྟེན་གཞི་བྱས་པའི་གོང་ཞུས་ཡེ་ཤུའི་ཆོས་ཁང་དང་འབྲེལ་ཡོད་ཐེབས་རྩ་ལས་ཁང་ཞིག་གིས་དེ་རིང་གསལ་སྟོན་གནང་བཞག

ཡེ་ཤུའི་ཆོས་དཔོན་ཅ་ཀྲི་གུའོ་རྒྱ་ནག་གཞུང་གིས་དམ་བསྒྲགས་འོག་ནས་བདུན་ཕྲག་འདིའི་རེས་གཟའ་ཕུར་བུའི་ཉིན་གློད་བཀྲོལ་བཏང་ཡོད་ཀྱང་ཁོང་གི་ཞུགས་ཡུལ་རྒྱ་ནག་འལ་སྦལ་ཞིང་ཆེན་ལྦུ་ཆུ་གྲོང་སྡེའི་ནང་ཡོད་པའི་ཡེ་ཤུའི་ཆོས་ཁང་དེའི་ནང་དུས་ཡུན་ཚོུད་ཉི་ཤུ་རྩ་བཞིའི་རིང་སོ་ལྟ་བཀོད་སྒྲིག་བྱས་ཡོད་པ་རེད་ཅེས་ཁའར་ཌི་ནལ་ཀིང་ཞེས་པའི་ཐེབས་རྩ་ལས་ཁང་ནས་དེ་རིང་གསལ་སྟོན་གནང་བཞག དགུང་གྲངས་བདུན་བཅུར་ཕེབས་པའི་ཡེ་ཤུའི་ཆོས་དཔོན་ཅ་པེ་ཅིང་ཨོ་ལིམ་པིག་གི་ཉིན་མཐའ་མ་དེར་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ནས་ཁ་ས་རེས་གཟའ་ཕུར་བུའི་ཉིན་གློད་བཀྲོལ་བཏང་ནས་ཁོང་གི་ཞུགས་ཡུལ་དུ་འབྱོར་ཡོད་ཀྱང་ཕྱི་ཕྱོགས་ནས་ཁོང་ཐུག་འཕྲད་བྱེད་པར་མི་གཞན་བཏང་གི་མེད་པའི་ཐོག་ཁོང་འཛིན་བཟུང་བཀག་ཉར་བྱས་པའི་བརྒྱུད་རིམ་ནང་རྒྱ་ནག་གཞུང་ཕྱོགས་ནས་ཁོང་གི་ཐོག་བྱ་སྤྱོད་ཇི་ལྟར་འཛིན་མིན་ཐད་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པ་རེད་ཅེས་གོང་ཞུས་ཨ་མི་རི་ཀའི་ནང་རྟེན་གཞི་བྱས་པའི་འབྲེལ་ཡོད་ཐེབས་རྩ་ལས་ཁང་ནས་དེ་རིང་གསལ་སྟོན་གནང་བཞག

མཆན། (0)
Share
དྲ་གནས་ཆ་ཚང༌།