རྒྱ་ནག་གིས་ཤིན་ཅང་ཐོག་འཛིན་པའི་སྲིད་བྱུས་ལ་སྲུང་སྐྱོབས་ཀྱིས་དཔལ་འབྱོར་བཀག་སྡོམ་དེ་ཚོ་ཚོང་ལས་རྩ་མེད་གཏོང་རྒྱུའི་ཐབས་ལམ་ཡིན་པའི་སྐྱོན་བརྗོད།

2021.05.01
རྒྱ་ནག་གིས་ཤིན་ཅང་ཐོག་འཛིན་པའི་སྲིད་བྱུས་ལ་སྲུང་སྐྱོབས་ཀྱིས་དཔལ་འབྱོར་བཀག་སྡོམ་དེ་ཚོ་ཚོང་ལས་རྩ་མེད་གཏོང་རྒྱུའི་ཐབས་ལམ་ཡིན་པའི་སྐྱོན་བརྗོད། མནར་གཅོད་གཏོང་མཁན་གྱི་བཟོ་ཚོང་ལས་ཁང་ཐོག་དཔལ་འབྱོར་བཀག་སྡོམ་གྱི་སྲིད་བྱུས་དེ་ཚོ་གད་སྙིགས་ཤོག་བུ་ཞིག་ཡིན་པས་ནུས་པ་གང་ཡང་ཐོན་རྒྱུ་མིན་ལུགས་རྒྱ་ནག་གཞུང་གིས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད།
གྷེ་ཊི་ཨི་མེཇ།

ཨ་མི་རི་ཀ་དང་དབྱིན་ཡུལ།ཡོ་རོབ་མཐུན་ཚོགས་བཅས་པའི་རྒྱལ་ཁབ་ཁག་ནས་རྒྱ་ནག་ལ་ཤིང་ཅང་སྟེ་ཤར་ཏུར་ཀིསི་ཐན་གྱི་མངའ་ཁུལ་ལ་ཡུ་གུར་ཁ་ཆེ་མང་ཚོགས་ས་ཡ་བརྒལ་བ་ངལ་རྩོལ་སྒྱུར་བཀོད་ར་བའི་ནང་བཀག་ཉར་གྱིས་ངལ་རྩོལ་ལ་སྐུལ་བཞིན་པའི་གནད་དོན་ལ་ཉེས་ཆད་འགེལ་ཏེ་མང་ཚོགས་ལ་སྡུག་སྦྱོང་མནར་གཅོད་གཏོང་མཁན་གྱི་བཟོ་ཚོང་ལས་ཁང་ཁག་གི་དངོས་ཟོག་ཚོང་འགྲེམས་མི་ཆོག་པར་བཀག་སྡོམ་བྱེད་བཞིན་པར་རྒྱ་ནག་གཞུང་གིས་དཔལ་འབྱོར་བཀག་སྡོམ་གྱི་སྲིད་བྱུས་དེ་ཚོ་གད་སྙིགས་ཤོག་བུ་ཞིག་ཡིན་པས་ནུས་པ་གང་ཡང་ཐོན་རྒྱུ་མིན་ལུགས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད།

ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཤར་ཏུར་ཀིསི་ཐན་ཏེ་རྒྱ་ནག་གིས་ཤིང་ཅང་ཞེས་འབོད་པའི་མངའ་ཁུལ་ནང་མང་ཚོགས་ལ་ངལ་རྩོལ་སྒྱུར་བཀོད་ར་བའི་ནང་ངལ་རྩོལ་ལ་སྐུལ་ཏེ་འདེབས་ལས་བྱེད་པའི་སྤྲིན་བལ་གྱི་བཟོས་པའི་གྱོན་གོས་དང་ཡང་ཉི་མའི་འོད་ཟེར་གྱི་ནུས་ཤུགས་མཁོ་འདོན་ཆེད་ཀྱི་བཟོས་པའི་སྡེར་མ་སོགས་ཉོ་ཚོང་བཀག་སྡོམ་བྱས་པའི་རྗེས་སུ་་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་དཔལ་འབྱོར་གྱི་དཀའ་ངལ་འཕྲད་འགོ་བཙུགས་ཀྱི་ཡོད་པའི་མཚོན་རྟགས་སུ་རྒྱ་ནག་གཞུང་གིས་གསལ་བཤད་རིམ་པ་ཞིག་བྱེད་འགོ་བཙུགས་བཞིན་ཡོད་པ་རེད།

དེ་ཡང་རེས་གཟའ་པ་སངས་ཉིན་ཤིང་ཅང་ས་གནས་སྲིད་གཞུང་ཞེས་པའི་གཞུང་གི་མགྲིན་ཚབ་པ་Xu Guixiangཟེར་བས་རྒྱལ་ས་Beijingགི་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་བརྒྱུད་གཏམ་བཤད་ཀྱི་ནང་། ནུབ་ཕྱོགས་རྒྱལ་ཁབ་ཚོས་ཤིང་ཅང་ནང་མི་རིགས་རྩ་བརླག་བཏང་གི་ཡོད་པའི་གནད་དོན་ཅེས་པ་དེ་བཟོ་གྲྭ་ལྟ་བུར་བེད་སྤྱོད་ཀྱིས་དོན་དུ་ཤིང་ཅང་མངའ་ཁུལ་གྱི་འཛུགས་བསྐྲུན་ལས་གཞིར་གནོད་སྐྱོན་གཏོང་རྒྱུའི་ཐབས་ཤེས་ཡིན་པ་དང་། ད་ལྟ་དཔལ་འབྱོར་བཀག་སྡོམ་གྱི་རྐྱེན་པས་དཀའ་ངལ་ཁག་ཅིག་འཕྲད་ཀྱི་ཡོད་ཀྱང་། རིམ་པས་གནད་དོན་དེ་ཚན་རིག་དང་འཕྲུལ་ལས་འཛུགས་བསྐྲུན་གྱི་ཐོག་ནས་གདོང་ལེན་ཐུབ་རྒྱུ་ཡོད་ལུགས་བརྗོད་ཡོད་པ་རེད།

ཐེངས་འདིའི་གསར་འགོད་ལྷན་ཚོགས་དེ་ནི་ཉེ་བའི་འཆར་ཤིང་ཅང་གི་གནད་དོན་ཐད་གསལ་བཤད་གོ་སྒྲིག་བྱས་པའི་གསར་འགོད་ལྷན་ཚོགས་ཐེངས་བརྒྱད་པ་དེ་ཡིན་པ་དང་།རྒྱ་ནག་གཞུང་གིས་ཤིང་ཅང་མངའ་ཁུལ་ལ་མང་ཚོགས་ལ་སྡུག་སྦྱོང་མནར་གཅོད་གཏོང་གི་མེད་པའི་གསལ་སྟོན་ཆེད་གསར་འགོད་པ་ཁག་ཅིག་ལྟ་སྐོར་གོ་སྒྲིག་བྱས་པ་སོགས་བྱས་ཡོད་ཀྱང་།དངོས་ཡོད་གནས་སྟངས་ཐོག་གསར་འགོད་པ་སྒེར་སོ་སོ་རང་ངོས་ནས་རྟོག་ཞིབ་བྱེད་བར་བསྐྱོད་སྐབས་ཁོང་ཚོའི་ཐོག་རྒྱ་མིའི་འཛིན་སྐྱོང་མི་སྣ་ཚོས་བཀག་སྡོམ་དང་ཉེན་རྟོག་པས་རྗེས་དེད་བྱས་ཡོད་པ་གསར་འགོད་པ་ཚོས་བརྗོད་འདུག

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དིང་རི་རྫོང་དུ་སླར་ཡང་ཕྱི་ཚེས་ ༡༣ ཉིན་ས་ཡོམ་འགུལ་ཚད་ ༥.༡ ཅན་ཞིག་བརྒྱབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎