རྒྱ་ནག་ལ་རིལི་གདོང་ཐུག་བྱུང་བ་ནི་མིའི་ནོར་འཁྲུལ་ཡིན་པ།

རྒྱ་ནག་ལ་རེ་གཟའ་ཟླ་བའི་ཉིན་རིལི་གདོང་ཐུག་རྒྱབ་ནས་ཉུང་མཐར་མི་གྲངས་དྲུག་བཅུ་རེ་དྲུག་ལ་སྲོག་སྐྱོན་བྱུང་ཡོད་པ་བརྗོད་འདུག
2008-04-28
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་གྱིས་ཡུལ་དེའི་ཤར་ཕྱོགས་མངའ་ཁུལ་དུ་རེ་གཟའ་ཟླ་བ་སྔ་ཐོག་རི་ལི་རྡུང་ཁ་རྒྱབ་ནས་ཉུང་མཐར་མི་གྲངས་ ༦༦ ལ་སྲོག་སྐྱོན་བྱུང་བ་དེ། མིའི་ནོར་འཁྲུལ་ནས་བྱུང་བ་ཞིག་ཡིན་པའི་སྐོར་བརྗོད་ཡོད་པ་རེད། རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁང་གིས་ཤན་གྲོང་ཆེན་ནང་བྱུང་བའི་རི་ལི་གདོང་ཐུག་གི་གནས་ཚུལ་དེའི་སྐོར་ཞིབ་ཆ་བཀོད་མེད་ཀྱང་། དོན་རྐྱེན་དེ་ནི་རྒྱ་ནག་ནག་ལོ་ངོ་བཅུ་ཕྲག་གཅིག་ནང་གནས་ཚུལ་སྡུག་ཤོས་དེ་ཡིན་སྐོར་དང་དོན་རྐྱེན་དེའི་ནང་མི་གྲངས་ ༢༥༠ ལ་རྨས་སྐྱོན་ཕོག་ཡོད་སྐོར་གནས་ཚུལ་བཀོད་ཡོད་པ་རེད། ཡང་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁང་གིས་དོན་རྐྱེན དེ་འཇིགས་བསྐུལ་དྲག་སྤྱོད་པས་སྤེལ་བའི་བྱ་བ་ཞིག་མིན་སྐོར་འབྲེལ་བརྗོད་བྱས་ཡོད་པ་རེད། རེ་གཟའ་ཟླ་བ་སྔ་ཐོག་རི་ལིའི་ལམ་ཁ་ཤོར་ནས་རི་ལི་གཞན་ཞིག་དང་གདོང་ཐུག ་རྒྱབ་པའི་དོན་རྐྱེན་དེར་རི་ལིའི་ལས་བྱེད་པ་མཐོ་གྲས་གཉིས་ལས་གནས་ནས་ཕྱིར་འབུད་བྱས་ཡོད་པ་རེད། ཕྱིར་འབུད་བྱས་པའི་ལས་བྱེད་པ་གཅིག་ནི་ཤན་གྲོང་ཞིང་ཆེན་གྱི་རྒྱལ་ས་ཇིན་ནན་གྱི་རི་ལིའི་ལས་དོན་འགན་འཛིན་ཅན་སྒོང་དང་གྲོང་ཁྱེར་དེའི་གུང་བྲན་ཏང་གི་འགོ་ཁྲིད་ཅའི་ཐེ་མིན་གཉིས་ཡིན་སྐོར་ཤིན་ཧ་གསར་འགྱུར་ལས་ཁང་གིས་གནས་ཚུལ་བཀོད་ཡོད་པ་རེད།

གོང་ཞུས་རྒྱ་གཞུང་གི་དཔོན་རིགས་གཉིས་ཐོག་ཞིབ་འཇུག་བྱ་རྒྱུ་ཡིན་ཞིང་། རི་ལི་གདོང་ཐུག་གི་དོན་རྐྱེན་དེ་རྒྱལ་ས་ཇི་ནན་ཀི་ལོ་མི་ཊར་ ༧༠་རྒྱང་ཁད་ཛི་པོ་ཞེས་པའི་གྲོང་ཁྱེར་དེར་བྱུང་བའི་གནས་ཚུལ་ཐོན་ཤག།

མཆན། (0)
Share
དྲ་གནས་ཆ་ཚང༌།