རྒྱ་ནག་གི་རོགས་སྐྱོར་དམག་མིའི་གནམ་གྲུ་ཞིག་ལ་བརྡབ་སྐྱོན།

རྒྱ་ནག་གི་ས་ཡོམ་གནོད་འཚེ་བྱུང་ཡུལ་ནས་ནད་པ་འོར་འདྲེན་བྱེད་མཁན་གྱི་དམག་མིའི་གནམ་གྲུ་ཞིག་གནམ་གཤིས་སྨུག་པས་རྐྱེན་པས་བརྡབ་སྐྱོན་བྱུང་འདུག

2008-06-01
Share

༄༅༎རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་གྱི་ས་ཡོམ་གྱི་གནོད་འཚེ་བྱུང་ཡུལ་ནས་ནད་པ་འོར་འདྲེན་བྱེད་མཁན་གྱི་དམག་མིའི་གནམ་གྲུ་ཞིག་གནམ་གཤིས་སྨུག་པས་རྐྱེན་པས་བརྡབ་སྐྱོན་བྱུང་བ་དང་ གནམ་གྲུ་དེའི་ནང་ས་ཡོམ་གྱི་གནོད་འཚེའི་འོག་རྨས་སྐྱོན་ཕོག་པ་མི་༡༠དང་གནམ་གྲུ་བཏང་མཁན་སོགས་མི་གྲངས་བཞི་བཅས་ཁྱོན་མི་གྲངས་༡༤ ཡོད་པ་དང་ རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ནས་ཁོ་ཚོ་ཤི་སོན་གང་ཡིན་འཚོལ་ཐབས་བྱེད་བཞིན་ཡོད་པ་རེད།

ད་རིང་རྒྱ་ནག་གཞུང་འབྲེལ་ཤིང་ཧཱ་གསར་ཤོག་ཐོག་ལ། ར་ཤི་ཡ་བཟོ་བཀོད་བྱས་པའི་ཨེམ་ཨའེ་༡༧༡རྟགས་ཅན་གྱི་དམག་མིའི་ཐད་ཕུར་གནམ་གྲུ་དེ་བཞིན་རེས་གཟའ་སྤེན་པའི་ཉིན་གུང་རྒྱབ་ཏུ་རྒྱ་ནག་གི་ལྷོ་ནུབ་ས་ཁུལ་ས་ཡོམ་རང་འབྱུང་གནོད་འཚེ་བྱུང་ཡུལ་ ཝུན་ཁྲོན་ནང་བརྡབ་སྐྱོན་བྱུང་སྟེ་ ད་ལྟའི་ཆར་གནམ་གྲུའི་ནང་གི་མི་ཤི་སོན་ག་རེ་བྱུང་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་མེད་པའི་སྐོར་བཀོད་ཡོད་ཅིང༌། དེའི་བར་ལ་ཟི་ཁྲོན་ཞིང་ཆེན་གྱི་པེ་ཁྲོན་ས་གནས་ནང་ཁ་སྔོན་ཕྱི་ཟླ་ལྔ་པའི་ཚེས་༡༢ ཉིན་ས་ཡོམ་རྒྱབ་པའི་རྗེས་ཀྱི་གཙང་ཆུའི་མཐོ་ཚད་ཆེ་རུ་ཕྱིན་པ་དེ་བཞིན་དམག་མི་༦༠༠ ལྷག་གིས་ཉིན་མ་དྲུག་རིང་ཁ་བསྒྱུར་གཏང་ཐབས་བྱེད་བཞིན་ཡོད་ཀྱང་མུ་མཐུད་ནས་གཙང་ཆུའི་མཐོ་ཚད་མཐོ་རུ་འགྲོ་བཞིན་ཡོད་པར་བརྟེན་

རྒྱ་ནག་གཞུང་གིས་སྔོན་ཚུད་ནས་ཉེན་ཁ་འགོག་ཐབས་ཆེད་དུ་ས་གནས་དེའི་ཁུལ་ནས་མི་དམངས་འབུམ་གཉིས་ས་གནས་གཞན་དུ་ཉེན་གཡོལ་དུ་གནས་སྤོ་བྱེད་བཞིན་ཡོད་པ་རེད། དེ་བཞིན་ས་ཡོམ་གྱི་གནོད་འཚེ་བྱུང་ཡུལ་གྱི་ཅིའུ་ལིང་དང་ཅིན་ལེན་ནང་ནས་ད་རིང་མུ་མཐུད་མི་དམངས་ཉེན་གཡོལ་དུ་གནས་སྤོ་བྱེད་བཞིན་ཡོད་པ་དང་དེ་རིང་བར་ས་ཡོམ་གྱི་གནོད་འཚེའི་ནང་མི་གྲངས་དྲུག་ཁྲི་དགུ་སྟོང་འདས་གྲོང་དུ་ཕྱིན་པ་དང་མི་གྲངས་ཆིག་ཁྲི་དགུ་སྟོང་ཤི་སོན་གང་ཡིན་ད་དུང་རྙེད་སོན་བྱུང་མེད་པའི་སྡོམ་རྩིས་བཏོན་ཡོད་པ་མ་ཟད། རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གཞུང་འབྲེལ་ཤིང་ཧཱ་གསར་ཤོག་ཐོག་ལ་ས་ཡོམ་གྱི་གནོད་འཚེ་དེའི་ནང་ཕྲུ་གུ་ཁོ་ན་བདུན་སྟོང་རྐྱེན་འདས་སུ་ཕྱིན་པ་དང་ཕྲུ་གུ་ཆིག་ཁྲི་དྲུག་སྟོང་ལ་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུ་བཀོད་ཡོད་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།